ནང་ཆེན་རྒྱལ་པོ་གུར་མགོན་ལ། སྲས་བསོད་ནམས་དཔལ་ལྡན་དང་། ཀུན་དགའ་གྲགས་པ་གཉིས་ཡོད། གོ་ཤྲི་བསོད་ནམས་དཔལ་ལྡན་སྤྱི་ལོ་ ༡༥༥༤ ལོར་སྐུ་འཁྲུངས་ ༡༥༩༩ ལོར་སྐུ་གཤེགས་ཞེས་ཡིག་ཚང་ཁ་ཤས་ནང་དུ་འཁོད་འདུག ཀརྨ་པ་དབང་ཕྱུག་རྡོ་རྗེ་སྐུ་འབུམ་དུ་གདན་དྲངས་ཏེ་འབུལ་ཆེན་བསྟབས། གོ་ཤྲཱིའི་ལས་ཀ་གནང་བསྩལ་ཅིང་རྒྱལ་སྲིད་ལ་བཀོད། མཐར་ནང་ཆེན་དང་སྟག་ལུང་མར་ཐང་རི་བོ་ཆེ་པ་གཉིས་འཆམ་མིན་གྱིས་རི་ཆེར་དམག་ཆེན་ཕབ་པའི་ལམ་དུ་གྲོངས་པར་བཤད།