སྤྱི་ལོ་༢༠༢༣ལོའི་ཟླ་༦ཚེས་༤་ཉིན་སྐྱབས་རྗེ་ཡོངས་འཛིན་ཁྲ་འགུ་རིན་པོ་ཆེ་མཆོག་རེ་ཞིག་གདུལ་བྱ་རྟག་འཛིན་ཅན་རྣམས་ཀྱི་ངོར་དགོངས་པ་གཞན་དོན་དུ་གཤེགས་པ་ལ་བསྟན་པ་སྤྱི་དང་། བྱེ་བྲག་འགྲོ་མགོན་བཀའ་བརྒྱུད་པའི་བསྟན་པ་ལ་གྱོང་གུད་ཆེ་པོ་བྱུང་བ་དང་། ལྷ་པར་དུ་ངེས་ནང་ཆེན་ཉེར་ལྔ་ལ་གཞི་བྱེས་གཉིས་ཀྱི་དགོན་པ་དང་། སེར་སྐྱ་མི་དམངས་ཡོངས་ལ་གྱོང་གུད་དང་བློ་ཕམ་ཆེན་པོ་བྱུང་བས་བྱ་ཐབས་བྲལ། དེར་བརྟེན་དབུས་ནང་ཆེན་ཉེར་ལྔའི་བདེ་དོན་ལྷན་ཚོགས་ནང་ཐུགས་གསོའི་འཚམས་ཕྲིན་གྱི་ཡི་གེ་ལས་ཤོག་ཐོག་ལ་འབྱོར་བ་གཤམས་དུ་གཟིགས་རྒྱུ་ཡོད་པས་ཐུགས་སྣང་གནང་རོགས།
༈ ཐུགས་གསོའི་འཚམས་ཞུ།
༈ ཐུགས་གསོའི་འཚམས་ཞུ། ཁམས་སྟོད་སྒོམ་སྡེ་ནང་ཆེན་ཆོས་རྒྱལ་ཆེན་པོའི་བློན་ཆེན་འབྲོང་པ་སྨད་མའི་སྲས་འབྲི་གུང་ལམ་མཁྱེན་རྒྱལ་པོ་རིན་པོ་ཆེ་མཆོག་སྤྱི་ལོ་ 2017 ལོའི་ཟླ་བ་ 10 ཚེས་ 16 ཉིན་དགོངས་པ་གཞན་དོན་དུ་གཤེགས་པ་ཡིད་སྐྱོ་གནས་ཚུལ་ཐོས་པ་ལ་ངེད་ནང་ཆེན་ཉེར་ལྔའི་དབུས་བདེ་དོན་ལྷན་ཚོགས་ཀྱི་ངོས་ནས་བློ་ཕམ་ཚད་མེད་བྱུང་། ཡིན་ན་ཡང་སྐྱེ་བའི་མཐའ་མ་ནི་འཆི། འདུས་པའི་མཐའ་མ་ནི་བྲལ་ཞེས་གསུངས་པ་བཞིན་མཐོ་དམན་སུ་དང་སུ་ཡིན་ཡང་མཐའ་མ་འཆི་བ་ཆོས་ཉིད་ཡིན་པས། རང་རེ་སྒོམ་སྡེ་ནང་ཆེན་བ་ཡོངས་ནས་བླ་མའི་དགོངས་རྫོགས་ཡག་ཤོས་ནི། ལས་རྒྱུ་འབྲས་དང་། སྐྱེ་བ་སྔ་ཕྱི། མཐུན་ལམ་རྡོག་རྩ་གཅིག་དྲིལ་སོགས་དགེ་སྡིག་བླང་དོར་ལ་ཚུལ་བཞིན་གཙི་སྲུང་གནང་རྒྱུ་དེ་གལ་ཆེན་ཡིན་སྟབས་དེ་ལུགས་མི་དམངས་ཡོངས་ནས་ཐུགས་ལ་འཛིན་རོགས་ཞུ་རྒྱུ་ཡིན། སླད་དུ་དགོངས་པ་གཞན་དོན་ལ་ཞི་བར་གཤེགས་པའི་བླ་མ་རིན་པོ་ཆེ་ཁོང་གི་སྐུ་མཆེད་འབྲོང་སྨད་དཔོན་གཡུ་རྒོད་མཆོག་དབུས་པའི་ནང་མི་ཡོངས་དང་། ཁོང་གི་སློབ་བུ་རྗེས་འཛིན་རྣམས་ལ་རང་རེ་ནང་ཆེན་ཉེར་ལྔའི་ལྷ་སྡེ་མི་སྡེ་ཡོངས་ཀྱི་ཚབ་བྱེད་ནས་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་བཅས། ནང་ཆེན་ཉེར་ལྔའི་དབུས་བདེ་དོན་ལྷན་ཚོགས་རྒྱུན་ལས་ཁང་ནས་སྤྱི་ལོ་ ༢༠༡༧ ལོའི་ཟླ་ ༡༠ ཚེས་ ༡6 ཉིན་ཕུལ