ནང་ཆེན་རྒྱལ་པོ་ཨ་ཡུལ་བ་ལ། སྲས་ཀུན་དགའ་འབུམ་དང་ནམ་མཁའ་རྒྱལ་མཚན་གཉིས་ཡོད། ནམ་མཁའ་རྒྱལ་མཚན་ཆོས་ཀྱི་རྒྱལ་མཚན་མདུན་ནས་རབ་ཏུ་བྱུང་ཞིང་གདམས་པ་ཐམས་ཅད་གསན་ནས་ཕོ་བྲང་ནང་སོ་ཆེན་མོའི་གདན་ས་མཛད། ཀུན་དགའ་འབུམ་གྱིས་ཆབ་སྲིད་ཀྱི་འགན་བཞེས་མ་ཉམས་པར་བསྐྱངས་ཏེ་བཞུགས་སོ། །