ཕ་ཡུལ།
ནང་ཆེན། ཁམས་སྨྱོན་ཧེ་རུ་ཀ
ཕ་ཡུལ་ལགས། ཁྱེད་ཀྱི་རུམ་ཁོང་དྲོད་མོ་དེ་ ངའི་ཆེས་ཐོག་མའི་དྭངས་གཙང་གི་ངུ ་སྐད་ཤོར་ས་ཡིན་ལ། ལྟེ་ཁྲག་དམར་པོའི་ལང་ཚོ་འཐོར་ སའང་ཡིན། ངས་གསལ་དག་སྙན་གསུམ་གྱི་ཀ་ཁའི་ གླུ་དབྱངས་ལེན་ས་དང་། འུར་ཟིང་དང་། ས་རྡུལ་གྱི་ཀློང་ནས་སྐྱིད་སྡུག་ འདྲེས་མའི་མི་ཚེའི་འགྲུལ་བཞུད་ ཀྱི་ལམ་ཁ་དེ་ཡིན་ལ། བྱིས་དུས་ཀྱི་ལོ་ཟླ་དྲོད་མོ་ཞི ག་ཁྱེད་ཀྱི་པང་ཁུག་ནས་བསྐྱལ་མྱོ ང་། ཕ་ཡུལ་ནི་ངའི་ཚེ་སྲོག་གི་ཐོག་ མའི་དབུ་ཁྱུད་འབྲི་ས་དེ་ཡིན་ལ། ངའི་ཚེ་མཇུག་གི་མགོ་རུས་ཀྱང་ཁྱེ ད་ཀྱི་པང་ཁུད་དུ་བསྟིམ་འདོད་པ་ དེ་ཡིན། ཟླ་བ་སྒྲ་གཅན་གྱིས་བཟུང་ཞིང་མུན་པ་ཇེ་ནག་ནས་ཇེ་ནག་ཏུ་གྱུར་པའི་མཚན་ལྗོངས་རིང་མོ་དེར། ངས་ཕ་ཡུལ་ཀྱི་པང་ཁུག་ནས་ནས་ གཡར་བའི་ཚེ་སྲོག་གི་གཏམ་བརྒྱུད་ གང་མང་ཞིག་དྲན་བྱུང་། ཕ་ཡུལ་གྱི་ཞེན་ཆགས་ངོས་སུ་ཆུ་རྒྱུན་བཞིན་བཞུར་ནས་མི་ལོ་ཉེར་ལྔ་ལྷ ག་ཧ་ཅང་ཐང་ཆད་པའི་བར་ཆད་ཀྱི་རོལ་དབྱངས་ཤིག་བཀྲོལ་མྱོང་། ཕ་ཡུལ་ལགས། ངའི་ཚེ་སྲོག་གི་ལང་ཚོ་འཛད་བཞིན། ལོ་ཟླ་ནི་ཕ་ཡུལ་གྱི་པང་ཁུག་ནས་ ཀུ་རེ་དང་རྩེད་མཚར་ངང་དུ་ཡལ།
ཚེ་སྲོག་གི་རྨིག་སྒྲ་རེ་རེ་ཕ་ཡུལ་གྱི་པང་དུ་འཐིམ་དགོས་པ་ནི་ མཚར་སྡུག་གི་མི་ཚེའི་གོམ་འགྲོས་ཤིག་རེད་ཨང་། ཁྱེད་ཀྱི་པང་ཁུག་ནས་ང་དང་ང་འདྲ་བའི་མི་ཚོགས་ཤིག་གི་ཚེ་སྲོག་གི་ ལྗོན་པར་སྐྱེས་སྟོབས་ཀྱི་མྱུ་གུ་འབུས་ཤིང་ལྗང་འདོག་གི་ལོ་འདབ་རབ་ཏུ་རྒྱས། ཕ་ཡུལ། ཁྱེད་ནི་མེ་ཏོག་དང་འཇའ་ཚོན་གྱིས་ལྷན་དུ་སྦྲེལ་བའི་གྲོང་སྡེ་ཆུང་ཆུང་ཞིག་སྟེ། ཁྱེད་ནི་ལོ་ཟླའི་འཁོར་བསྐྱོད་དང་ལྷན་དུ་བཞུར་གྱིན་པའི་ཀ་ཁའི་ཚེ་སྲོག་སྦྱིན་པའི་རིག་པའི་གྲོང་སྡེ་ཞིག ཁྱེད་ནི་ངའི་ཤོག་ལྷེ་རེ་རེ་ཡི་སྙན་ངག་གི་སྐར་རྒྱན་དང་། ཐོག་མའི་ས་བོན་དེའང་ཡིན། ལོ་ཟླ་ཅི་ཙམ་འགོར་ཡང་ཁྱེད་ནི་ལོ་རྒྱུས་ཀྱི་བང་སོ་སྟེ།
ངའི་ཚེ་སྲོག་གི་དབུགས་རྒྱུན་ཕྲ་མོ། ཉམས་རྒུད་དུ་གྱུར་པའི་མི་རིགས་ཤིག་འདི་ལྟར་དབུགས་རྒྱུན་ཕྲ་མོ་དེ་ཉམས་རྒུད་དུ་གྱུར་ན་ང་ཚོས་ཅི་ཞིག་བྱ་དགོས་སམ། ཕ་ཡུལ། ཕ་ཡུལ།
ཕ་ཡུལ། ལྷིང་འཇགས་དང་། བག་ཕེབས་ངང་ཁྱེད་ཀྱི་པང་དུ་ནར་སོན་པའི་ང་ནི་ནམ་ཡང་བདེན་ཚིག་དང་། ལྷིང་འཇགས་ལ་དུང་བས་ཕ་ཡུལ་ཁྱེད་ གཡོ་སྒྱུའི་སྤྱི་ཚོགས་དང་། འདྲ་མཉམ་མིན་པའི་སྤྱི་ཚོགས་ཤིག་ལ་བསྒྱུར་མི་རུང་། ཕ་ཡུལ། འདས་ཟིན་པའི་ལོ་རྒྱུས་ཐམས་ཅད་ལ་བཅོས་བསྒྱུར་བྱས་ན་ང་ཚོ་མི་ཡུལ་དུ་ཇི་ལྟར་འཚོ་དགོས། ཁོ་བོས་ནམ་རྒྱུན་བསམ་གཞིག་ཁྲོད་མགོ་བོ་སྨད་ནས་ཕ་ཡུལ་ཞེས་པའི་ཡིག་འབྲུ་འདི་ཡིད་ལ་བཅངས་ནས་ཕ་ཡུལ་གླེང་གིན་ཡོད། ཕ་ཡུལ་ལགས། སྟོན་ལྗོངས་སྣུམ་པོ་འདིའི་མཁར་ དབྱིངས་ནས་གསེར་མདོག་གི་ཉི་ཟེར་ཐོད་དུ་གྱོན་ནས་རླུང་བུ་ཡངས་མོ་ཞིག་ཚེ་སྲོག་གི་བཞུར་རྒྱུན་ཕྲ་མོ་དེ་སྙན་ངག་གི་སྙུག་ཁ་ན་རྩེན་བཞིན་མཆིས། ལོ་ཟླའི་ལྗིད་ཤུགས་འདེགས་པའི་ ལོ་རྒྱུས་ཀྱི་བང་སོ་ཞིག་ས་ཆེན་གྱི་སྙིང་ཁ་མཐོ་ནས་མཐོ་རུ་ལྡིང་དགོས།
ཕ་ཡུལ། རྨི་ལམ་ནང་གི་ཁྱེད། ཐག་རིང་ཐག་རིང་ཞིག་ནས་ཕ་ཁྱིམ་དྲོད་མོར་ཨ་མའི་ཕྱག་ཟུང་གིས་ངའི་མགོ་བོ་བྱིལ་བྱིལ་བྱེད་པའི་སྣང་བ་ཡལ་མྱོང་མེད། ས་ཆེན་གྱི་ཡང་སྙིང་བརྟོལ་བའི་བརྩེ་བ་དྲོད་མོས་ངའི་རུས་རྐང་དང་ལྷན་དུ་བཞུར་བའི་དུང་སེམས་དྲོད་མོ་ཞིག་སྦྱིན་བྱུང་། བསླུ་བྲིད་ཀྱི་བཏེགས་པའི་དུས་ རབས་ཉེར་གཅིག་ཡོམ་ཡོམ་འདར་ནའང་ཕ་ཡུལ་ནི་ཡིད་འོང་གི་རྩེད་ར་ཞིག་དང་།
རྣམ་ཤེས་མང་བོ་ཞིག་རི་བོ་བཞིན་སྲ་ཞིང་བརྟན་པོར་འདུག་དགོས། ཕ་ཡུལ། ཁྱེད་རང་སྔར་བཞིན་འོད་ཟེར་ལམ་ལམ་གྱིས་འཕྲོ་བཞིན་པའི་པོ་ཏ་ལ་ལྟར་གནས་དགོས་ལ། ལོ་རྒྱུས་ཀྱི་དཀྱོགས་མཚམས་དང་། འཆར་གཞི་གང་གིས་བསླུ་མི་སྲིད་པའི་ངའི་ཕ་ཡུལ་སྟེ། སྐྱོ་ཉིན་གྲོང་སྡེ་ཁྱེད་སྔར་བཞིན་རྟག་ཏུ་བརྟན་དགོས། ཕ་ཡུལ། རླུང་བུ་བསིལ་བསིལ་ཁྲོད་སྨུག་སྤྲིན་དང་ཆར་བས་སྦངས་པའི་ཕ་ཡུལ། རེ་ལྟོས་དང་། གསོལ་འདེབས་ཀྱི་ཕྲེང་བ་བགྲང་བའི་ཕ་ཡུལ།གཡའ་དག་པའི་ཕ་ཡུལ་གྱི་ནམ་མཁའ་སྔོ ན་པོ་ནག་ནོག་དང་དྲི་ངན་འགོ་སྲི ད། ཕ་ཡུལ། ཕ་ཡུལ། ཁྱེད་ནི་གངས་དཀར་ལྷུན་པོ་ལྟ་བུ འི་རང་གཤིས་གནང་ལ། ལྷ་ལམ་ཡངས་པོ་ལྟ་བུའི་བློ་ཁོག རྩི་ཆུའི་བཞུར་རྒྱུན་ལྟ་བུའི་ ངང་རྒྱུད་ཀྱང་སྦྱིན་སོང་། དེའི་ཕྱིར་ཕ་ཡུལ་ནི་སྐྱིད་དུས་དགའ་བའི་འཛུམ་ཆུང་སྟོན་ས་ཡིན་ལ། སྐྱོ་དུས་སྡུག་གི་ཁུར་བོ་འགེལ་ སའང་ཕ་ཡུལ་ཡིན། ཕ་ཡུལ། ངས་ལག་ཟུང་བྲང་ཁར་བཞག་སྟེ། སྙིང་ཁར་མཛུབ་མོས་གནོན་དུས་ང་ནི་ཕ་ཡུལ་གྱི་རུམ་ཁོང་གི་ལམ་འགྲོ་བ་ཞིག་ལས་མ་འདས། མ་ཡུམ་གྱི་བྱམས་སྐྱོང་གི་མཐུ་སྟོབས་ཆེ་བ་ངས་ངོས་ཟིན་ཡོད། འོན་ཀྱང་ངས་ཕ་ཡུལ་ལ་ཟས་རིན་དང་། ནུ་རིན་ཙམ་ཞིག་ད་རུང་གཞལ་ཐུབ་མེད་པ་འདིས་ངའི་སེསམ་པ་སྐྱ་མོ་འདི་བསམ་གཞིག་གི་ནང་ལྷུང་སོང་། ཕ་ཡུལ། དུས་རབས་འཕེལ་འགྲིབ་ཀྱི་ཀློངནས་ཁྱེད་ཀྱི་ངོ་གདོང་ཇི་ལྟར་འགྱུར་རུང་ཁྱེད་ཀྱི་བླ་ཚེ་སྲོག་གསུམ་ནི་དུས་གཏན་དུ་རྟག་པར་གནས་དགོས། གངས་དཀར་ས་འཛིན་མུ་ཁྱུད་ཀྱི་ལྕགས་རིས་ཡོངས་སུ་བསྐོར་བའི་བསིལ་ ལྡན་ལྗོངས་ལ་ནམ་ཉི་མ་ཞིག་ལ་གསེར་མདོག་གི་ཉི་མ་སེར་བོ་ཞིག་འཆར་བའི་དུས་ཤིག་སེམས་ལ་བཟུང་ནས་ང་ཚོ་དུས་གཏན་དུ་རྟག་པར་གནས་དགོས། ཕ་ཡུལ་ལགས། ཕ་ཡུལ། ཕ་ཡུལ། ཕ་ཡུལ། ནམ་རྒྱུན་ངའི་མིག་ཟུང་དུ་མཆིས་ པའི་ཕ་ཡུལ། ཁྱེད་ཉིད་འཆམ་མཐུན་གྱི་མཛེས་སྡུ ག་གོས་སུ་གྱོན་ནས་འཛམ་གླིང་གི་ རྒྱ་ཕིབས་སུ་འོས་སོ།། ཕ་ཡུལ་ལགས། ཕ་ཡུལ། ཕ་ཡུལ།