༄༅།།རྫ་ཆུའི་དཔྱད་བརྗོད།། ་ བོད་མདོ་དབུས་མཐོ་སྒང་ནས་བཞུར་ བའི་ཡོངས་སུ་གྲགས་པའི་ཆུ་བོ་ཆེན ་པོ་རྨ་འབྲི་རྫ་གསུམ་དང་རྒྱལ་མོ ་རྔུལ་ཆུ་བཅས་ཡོད་པའི་ནང་ནས། ད་ལམ་རྫ་དཀར་ནག་ལྕིབས་གསུམ་གྱི་ གཞུང་ནས་ཐོན་པའི་ཆུ་བོ་རྫ་ཆུ་གཡུ ་འབྲུག་གྱེན་འགྲོས་ཀྱི་མགོ་ཁུ ངས་ཅུང་ཙམ་ཞིག་བརྗོད་ན། ༈ རྫ་ཆུའི་མགོ་ཁུངས་ནི་དགེ་རྒྱལ་རྫ ་དཀར་ནག་ལྕིབས་གསུམ་ཞེས་པའི་གཞུ ང་ཆེན་ལུང་པ་ཁ་ནུབ་ཏུ་བསྟན་པ་ལྟ ་བུའི་གསུམ་ཡོད། ལུང་པ་དེ་གསུམ་གྱི་མགོར་རྫ་ནག་རི ་རྒན་མའམ་སྔོན་སློབ་དཔོན་ཆེན་པོ ས་དམ་བཞག་སྐབས་གསོལ་བའི་མཚན༼ཕྱྭ ་རྒྱལ་མེ་ཏྲི༽མིང་གཞན་དུ་རྫ་སྟོ ད་རྒྱལ་ལམ་རྫ་ནག་རི་རྒན་མ་ཞེས་ པའི་རི་བོ་དེར་ཡོད། རྫ་ནག་རི་རྒན་གྱི་གཡས་ཕྱོགས་རྫ་ ནག་ལུང་པའི་རི་རྒྱུད་ཀྱི་རྫ་ནག་ ཧོར་པ་འབྲུག་དེའུ་ནས་བབས་པའི་རྫ ་ནག་ཆུ་དང་། གཡོན་རྫ་དཀར་ལུང་པའི་རི་རྒྱུད་ཆུ ་མགོ་བཀྲ་ཤིས་འཁྱིལ་བ་ནས་ཐོན་པའི ་རྫ་དཀར་ཆུ་བོ་དང་། རྫ་ནག་རི་རྒན་གྱི་མདུན་ཕྱོགས་རྫ ་ལྕིབས་ལུང་པའི་ནང་ནས་ཐོན་པའི་རྫ ་ལྕིབས་ཆུ་བོ་དང་གསུམ། རྫ་ནག་རི་རྒན་གྱི་ཤར་ཕྱོགས་སྤྱི ་ལེ་སུམ་ཅུའི་ཡན་མན་གྱི་མཚམས་ནས ་ཆུ་བོ་གསུམ་ལྷན་དུ་འདུས་པའི་སར ་རྫ་སྙིང་དཀར་ནག་སུམ་མདོ་ཞེས་ཟེ ར། ཡུལ་ལྷའི་བརྒྱག་བརྔན་ཆེན་མོའི་ན ང་། ༼རྫ་སྙིང་དཀར་ནག་སུམ་མདོ་བརྔན༽ ཞེས་པའི་ས་དེ་ཡིན། རྫ་དཀར་ནག་ལྕིབས་གསུམ་འདུས་པའི་ ཆུ་བོ་དེ་ཤར་དུ་བབས་ནས་དེང་དུས་ རྫ་སྟོད་རྫོང་མཁར་ནས་བབས་པའི་རྫ ་ཆུ་ཞེས་པའི་ཆུ་བོ་དེའོ། དེ་ཡང་སྔོན་དུས་ནས་བརྗོད་སྲོལ་ལྟ ར་ན་ཆུ་བོ་དེ་ཉིད་སྟོད་ནས་འབབ་ སྐབས་དགེ་རྒྱལ་རྫ་ཆུ་ཞེས་འབོད་ པ་དང་། བར་ནང་ཆེན་ས་ནས་ནང་ཆེན་རྫ་ཆུ་ད ང་། སྨད་ཆབ་མདོའི་ས་ནས་རྫ་ཆུ་དང་ལྕི ་ཆུ་གཉིས་ཟླ་སྒྲིལ་ནས་འབབ་པའི་དུ ས་ཆབ་མདོའི་ཟླ་ཆུ་ཟེར། རིམ་བཞིན་བབས་མཐར་བྲག་གཡབ་ས་ནས་ བྲག་གཡབ་གླ་ཆུའམ་ཁམས་པ་གླ་ཆུ་ཞེ ས་དང་། ཕྱི་རྒྱལ་ཁབ་ཀྱི་ས་ནས་མེས་ཀོང་ག ཙང་པོ་ཞེས་འབོད་པའོ།། དེ་ལ་གནའ་བོའི་ངག་རྒྱུན་ལ་ཡང་རྫ ་ནག་རི་རྒན་གྱི་བཙུན་མོ༼ཀླུ་བཙན ་ལྷ་མོ་ཏྲི་ཏ་མ༽མིང་གཞན་དུ་རྒོ ད་མཆུ་མ་ཟེར་བ་དེ་ཉིད་ནམ་ཞིག་གི ་ཚེ་གཤོག་པ་བསྐྱངས་སྡེར་མོ་བསྒྲ ད་ནས་རྨ་ཡུལ་དུ་འཕུར་གྲབས་བྱེད་ པས། རྫ་ནག་རི་རྒན་གྱིས་བྱང་ཨ་ཆེན་དགྲ ་སྒོ་དགག་རྒྱུ་དང་ཤར་རྨ་སྨད་གྲོ ་མ་རྐོ་རྒྱུ་གཉིས་ཡོང་མ་རེད་ཅེ ས་རི་རྒན་རང་ཉིད་ཀྱི་རྒྱབ་ཕྱོགས ་སུ་བཞག་པ་དང་འཇུག་སྒྲོའི་ཟངས་ རྡོ་རི་བཞག་པས་འཕུར་མ་ཐུབ་པ་དང་ སྡེར་མོ་བསྒྲད་པའི་སར་ཆུ་བྱུང་ བ་དེ་རྫ་དཀར་ནག་གཉིས་ཀྱི་ཆུ་མགོ ་འདི་བྱུང་རེད་ཅེས་སྔ་རབས་རྒན་ མི་རྣམས་ཀྱི་ངག་རྒྱུན་དུ་ཤོད་སྲོ ལ་ཡང་ཡོད། དེའི་རྒྱུ་མཚན་གྱིས་བཙན་ནི་རྒོད ་མཆུ་མ་དང་། ཆུ་མགོ་གཉིས་ལ་ཀླུ་གནས་པས་རི་ཆུ ་གཉིས་ཀླུ་བཙན་ཁ་སྤྲོད་ཡིན་པའི་ ཕྱིར་ཀླུ་བཙན་ལྷ་མོ་ཏྲི་ཏ་མ་ཞེས ་མིང་འབོད་དོ།། ་ ༈ དེ་ལ་དེང་དུས་སུ་མི་རྣམས་ཀྱིས་ལྟ ་བ་མི་འདྲ་སྣ་ཚོགས་པ་སྟེ་འགའ་ཞི ག་གིས་ཆུ་བོ་འདི་ཧྲིལ་བོར་ཟླ་ཆུ ་ཞེས་མིང་བཏགས་ན་ཆོག་ཚུལ་དང་། འགའ་ཞིག་གིས་ཆུ་བོ་འདི་མགོ་ཁུངས ་ཟླ་བའི་དབྱིབས་ལྟ་བུ་ཡོད་པས་ན་ ཟླ་ཆུ་འབོད་དགོས་ཞེས་དང་། ཡང་འགའ་ཞིག་གིས་སྔོན་གྱི་ཡིག་རྙིང་ག་གེ་མོ་ཞིག་ཏུ་ཟླ་ཆུ་ཞེས་འཁོ ད་འདུག་པས་ན་ཟླ་ཆུ་དང་ཟླ་གཞུང་ཞེ ས་འབོད་ན་འཐད་ཅེས་གླེང་སྲོལ་སྣ་ ཚོགས་པ་ཡང་ཡོད། ༈ དེ་ལ་ཁོ་བོའི་དྲང་པོ་དྲང་བདེན་གྱི ་སྒོ་ནས་བློ་གཟུ་བོར་དཔྱད་བརྗོ ད་ཞིག་བྱས་ན་གོང་འཕྲོས་བཞིན་དགེ ་རྒྱལ་རྫ་ཆུ། བར་ནང་ཆེན་ས་ནས་ནང་ཆེན་རྫ་ཆུ། སྨད་ཆབ་མདོའི་ས་ནས་ཆུ་བོ་ཆེན་པོ ་གཉིས་ཟླ་སྒྲིལ་ནས་བབས་པ་ལ་ཟླ་ཆུ ་འབོད་པ་ནི་གནའ་དེང་གཉིས་ནས་ཡོ ངས་གྲགས་ཡིན། དཔེར་ན་མི་ཞིག་ལ་མགོ་ལ་མགོ་ཡི་མི ང་དང་། སྐེད་པ་ལ་སྐེད་པའི་མིང་། ཕོ་བ་ལ་ཕོ་བའི་མིང་། རྐང་པ་ལ་རྐང་པའི་མིང་འདོགས་དགོས ་པ་ལྟར་རྫ་ཆུ་འདི་ལ་དེ་བཞིན་དུ་ གྲུབ་ཡོད། གོང་གི་འབྲེལ་བརྗོད་དེ་དག་ལ་ཆུ ་བོ་འདིའི༼མགོ་ཁུངས་ཟླ་བ༽ལྟ་བུ་ ཡོད་ཅེས་པ་དེ་ཡང་རྫ་ནག་གི་ཆུ་མགོ ་ཧོར་པ་འབྲུག་དེའུ་ལ་ནོར་བུའི་ དབྱིབས་ཅན་དང་། རྫ་དཀར་ཆུ་བོའི་མགོ་ཁུངས་བཀྲ་ཤི ས་འཁྱིལ་བ་ལ་དུང་དཀར་གྱི་དབྱིབས ་ཡོད་ཅེས་སྔོན་བྱོན་མཁས་པ་དང་། དམ་པ་གོང་མ་མང་པོ་དང་ཁྱད་པར༼གོ ང་ས་ལྔ་པའི༽སྐབས་གསུང་པའི་ཞལ་རྒྱུན་འཁྲུལ་མེད་ཡིག་རྙིང་དག་ཏུ་འཁོ ད་ཡོད་པ་དག་ལ་ཟླ་བ་ལྟ་བུའི་དབྱི བས་ཡོད་ཅེས་བཤད་མེད། སྔོན་གྱི་ཡིག་རྙིང་ཁག་ཏུ༼ཟླ་ཆུ༽ ཞེས་འཁོད་པས་འུ་ཚོས་ཟླ་ཆུ་བྲིས་ ན་ལེགས་པར་བཤད་འདུག་ཅིང་དེ་ཡང་ཞི བ་དུ་དཔྱད་ན་ཡིག་རྙིང་རེ་རེ་གཉི ས་གཉིས་ནང་ནས་འབྱུང་བའི་ཟླ་སྒྲ་ དེའང་མདོ་སྨད་ཆབ་མདོའི་ས་ཆ་ནས་ མཁས་པ་དང་བླ་མ་རྣམ་པས་གསུང་པའི་ ཟླ་སྒྲ་ཡང་འབྱུང་འདུག་པ་དེ་ཡང་ སྒྲ་ལྕི་ཡང་དང་དགོས་མཁོའི་ཕྱིར་ མ་གཏོགས་གཞན་པའི་ཡིག་རྙིང་དག་ཏུ ་ཟླ་སྒྲ་མི་འདུག ཡང་འགའ་ཞིག་གིས་ཆུ་བོ་འདིའི་མིང ་ཧྲིལ་བོར་ཟླ་ཆུ་ཞེས་བཏགས་ན་ལེག ས་ཅེས་པ་དེའང་གོང་ནས་བཤད་པ་ནང་བ ཞིན་མི་ཞིག་གིས་མགོ་ལུས་རྐང་པ་ད ང་མཚུངས་པས་རྐང་པའི་མིང་མགོ་ལ་བ ཏགས་ན་མི་མཛེས་པ་བཞིན་ཆུ་བོ་འདི ་ཡང་ཡུལ་གྲུ་རེ་རེ་བཞིན་རྒྱུད་ སྐབས་ནས་བྱུང་བའི་མིང་བཏགས་དེ་ ལོ་ངོ་སྟོང་ཕྲག་གི་ཡར་སྔོན་ནས་བ ཏགས་མིང་དངོས་དེ་རྒྱུན་སྐྱོང་བ་ ལས་དེང་སངས་མཁས་པར་རློམ་པའི་དེ བ་རྒན་རེ་ཡི་ངོགས་སུ་བསམ་བཞིན་ དུ་འཁྱོག་བཤད་ཀྱིས་བསྒྱུར་བཅོས་ བཏང་བའི་ཡིན་མདོག་གི་ཁ་ཕོ་རེ་བྱ ས་ན་དེ་ནི་ལོ་རྒྱས་ནག་གསུབ་བྱེད ་པའི་ཉེས་པ་ཞིག་མ་གཏོགས་ཅི་ཡང་མ ་མཐོང་ངོ་།།
|
|
|