Central Welfare of Nangchen Nyernga – ནང་ཆེན་ཉེར་ལྔའི་དྲ་བ།

སྐྱེས་ཆེན་དམ་པ།

ཚང་གསར་བློ་གྲོན་རིན་ཆེན།

མདོ་སྟོད་མི་ཡི་ཆོལ་ཁ་ལས། མདོ་ཁམས་ལུང་པ་ཕྱུག་དྲུག་གི་ཡ་གྱལ། འབྲི་ཀླུང་དམ་པ་ཆོས་ཀྱིས་ཕྱུག་པའི་ཡུལ་ཁམས། ཁམས་སྒོམ་སྡེ་ནང་ཆེན་ནང་སྡེ་ཤོག་ཆེན་བཅོ་བརྒྱད་ཀྱི་བྱེ་བྲག   ཚངས་གསར་གྲྭ་ནང་ཞེས་ཚངས་གསར་དཔོན་རྒྱུད་ཀྱིས་སྐྱོང་བའི་ས་ཡི་ཐིག་ལེ།  ལྕི་ཀླུང་སྔོན་མོ་དལ་གྱིས་འབབ་པའི་ལྷོ་ངོས།    འགྲམ་ཁ་ཡི་གཡས་ཟུར་ས་ལ་དགེ་བཅུའི་མངོན་པར་ཕྱུག་པའི་འཛོམ་བུ་ཁ་ཞེས་པར།  གདུང་རིགས་སཱ་ལ་ཆེན་པོའི་ལྗོན་ཤིང་ལྟར་འཕགས་པའི་བསྐྱེད་ཡབ། ཚངས་གསར་དཔོན་བསྟན་འཛིན་རྣམ་རྒྱལ་དང་། ཡུམ་རིགས་ལྡན་མཚན་བཟང་མ་ས་གཟའ་ནོར་གཡང་གཉིས་ཀྱི་སྲས་སུ།  བོད་རབ་བྱུང་བཅོ་ལྔ་པའི་ཤིང་ཡོས་སྤྱི་ལོ༡༩༡༥ལོའི་སྣྲོན་ཟླའི་གྲལ་ཚེས་དགེ་བར་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ།   མཚན་དཔེའི་ཟླ་ཞལ་མངོན་དུ་བཞད། དགུང་གྲངས་གཉིས་ཀྱི་ཐོག་རྒྱལ་དབང་ཀརྨ་པ་མཁའ་ཁྱབ་རྡོ་རྗེ་མདོ་ཁམས་སྨད་ཕྱོགས་སུ་ཆིབས་བསྒྱུར་གནང་ནས། ཡར་དབུས་སུ་ཕེབས་དུས་དཔལ་ཁའི་དཀར་ཟོམ་ལེབ་ཏུ་བཞུགས་སྒར་གྲ་སྒྲིག་དང་།  ཆོས་ཁྲི་ཆེན་པོ་བརྒྱབ་སྟེ། དཔལ་ཡོབ་གཏམ་གསུམ། ཚངས་གསར་གྲ་ནང་། སྡོམ་པ།  སྤམ་དིལ་ཡག། ཇ་འཛོ།  སྐྱོ་བྲག་སོགས་ཀྱི་བླ་མ་དགོན་སྡེ་གྲྭ་ཚང་དང། དཔོན་ཁག་ཡུལ་སྡེའི་ཁྲོམ་ཚོགས་ཁྲི་སྟོང་མང་པོས་རྒྱལ་དབང་རིན་པོ་ཆེའི་གསེར་ཞལ་མཇལ་ཞིང་།  སྨིན་གྲོལ་ཞབས་དབང་ཞུ་བར་འདུས་སྐབས།   ཡུམ་གྱིས་གང་ཉིད་སྣམ་ཕྲག་ཏུ་བཅུག་སྟེ་གསེར་ཞལ་མཇལ་བས།  རྒྱལ་དབང་རིན་པོ་ཆེས་ཞལ་ནས། འབའ་རོམ་དར་མ་དབང་ཕྱུག་ཕེབས་བྱུང་གསུངས་ཏེ་ཉིད་ཀྱིི་སྐུ་པང་དུ་བཞེས་པར་གྲགས། དགུང་ལོ་གསུམ་གྱིི་ཐོག དཔལ་བྱམས་མགོན་ཏཱ་ཡི་སི་ཏུ་པདྨ་དབང་མཆོག་རྒྱལ་པོས་ཚངས་གསར་གནམ་དགོན་གྱི་བླ་མ་ཙ་མི་སངས་རྒྱས་གྲགས་པའི་རྣམ་འཕྲུལ།  གུ་རུ་དྷརྨ་ཙཀྲའམ་བླ་མཁྱེན་ཆོས་འཁོར་གྱི་སྐུ་ཕྲེང་བཞི་པར་ངོས་འཛིན་གནང་། མཚན༧ཀརྨ་སྒྲུབ་བརྒྱུད་བསྟན་འཛིན་བློ་གྲོས་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོར་གསོལ།  དགུང་ལོ་བཞི་ཐོག་ཚངས་གསར་གནམ་དགོན་ཐུབ་བསྟན་རྣམ་དག་གླིང་གི་བསྟན་འགྲོའི་སྤྱི་དཔལ་ཆེན་པོར་མི་འཇིགས་གདོང་ལྔས་སྟེགས་པའི་གསེར་ཁྲིར་མངའ་གསོལ།      ཡོངས་འཛིན་ཀརྨ་ཕྲིན་ལས་མདུན་ནས་ཡི་གེ་འབྲི་ཀློག་དང་།  རང་དགོན་གྱིི་ཆོ་གའི་བཅའ་ཕྱག་ལེན།  གར་ཐིག་དབྱངས་རོལ།  སྨན་རྩིས། ས་རིས་སོགས་རིག་གནས་སྐོར་ཞིབ་ཁྲིད་མཛད་པས། སྐུ་ཚེགས་ངལ་བ་གང་ཡང་མ་དགོས་པར་མཐར་ཕྱིན།  སྐྱེས་ཐོབ་ཀྱི་མཁྱེན་རབ་གཞན་དྲིང་མི་འཇོག་པའི་རྩལ་འབར་ཞིང་།  རིས་སུ་མ་ཆད་པའི་འགྲོ་ལ་བྱམས་པ་དང་། …

འབྲི་གུང་སྐྱོབ་པ་འཇིགས་རྟེན་མགོན་པ།

འབྲི་གུང་སྐྱོབ་པ་འཇིག་རྟེན་གསུམ་མགོན་ནི། དུས་རབས་བཅུ་གསུམ་པའི་ལོ་རབས་དྲུག་བཅུ་ཙམ་ནས་བཟུང་དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུ་ང་དགུ་ལོ་ཡི་བར་དུ་ཁམས་སྟོད་སྒོམ་སྡེ་འབྲི་རྗེ་ནང་ཆེན་ཆོས་རྒྱལ་ཆེན་པོའི་མངའ་འབངས་ཀྱི་ཁྱབ་ཁོངས་དང་། དུས་རབས་ཉི་པའི་ལོ་རབས་ལྔ་བཅུ་ང་དགུ་ནས་ད་ལྟ་དུས་རབས་ཉེར་གཅིག་པའི་ལོ་རབས་ཉེར་གསུམ་བར་གྱི་དུས་ཡུན་ལ་མཚོན་ན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུར་གྱི་ས་ཡི་ཆར་གཏོགས་ལྡན་སྟོད་བྲག་རྩ་སྐྱུ་རས་བཟུང་ཞེས་བཞིན་དེང་སང་དཔལ་ཐང་གི་སྨད་ལྡན་སྒྲོལ་མ་བྲག་གམ། ལྡན་སྐྱུ་ར་བྲག་རྩ་རུ་འབྲུག་རྒྱལ་སྐྱུ་རུའི་གདུང་། རྙིང་མའི་སྔགས་འཆང་ཟམ་མ་ཆད་པའི་བརྒྱུད་པར། ཡབ་རྡོ་རྗེ་དང་ཡུམ་མཁའ་འགྲོ་བཙུན་མའི་སྲས་སུ་༡༡༤༣ ལོར་འཁྲུངས། ཁོང་གི་བླ་མ་གཙོ་བོ་ཕག་མོ་གྲུ་པ་ཡིན། ཀླུ་སྒྲུབ་གཉིས་ཞེས་ཡོངས་སུ་གྲགས། དགུང་ལོ་སོ་བདུན་རབ་བྱུང་གསུམ་པའི་ས་ཕག༡༡༧༩ལོར་འབྲི་གུང་མཐོལ་གྱི་དགོན་པ་ཕྱག་བཏབ་ཏེ་གནས་གཞི་བཟུང་། དེ་ལས་དར་སྤེལ་བྱུང་བའི་ཆོས་བརྒྱུད་ལ་འབྲི་གུང་བཀའ་བརྒྱུད་ཅེས་དེང་སང་ཡོགས་སུ་གྲགས་པ་འདི་ཡིན། ཁོང་གིས་ལྗགས་རྩོམ་གནང་བའི་བསྟན་བཅོས་དམ་ཆོས་དགོངས་པ་གཅིག་པ་སོགས་གསུང་འབུམ་པོད་ལྔ་བཞུགས་ཡོད། སྤྱི་ལོ་༡༡༤༣ནས་༡༢༡༧དགུང་གྲངས་བདུན་བཅུ་དོན་ལྔ་བར་དུ་བཞུགས། མེ་གླང་སྤྱི་ལོ་༡༢༡༧ ལོའི་ས་ག་ཟླ་བའི་ཚེས་ཉེར་བདུན་ལ་སྐུ་གཤེགས། སློབ་མ་གྲུབ་པ་བརྙེས་པ་བགྲང་གིས་མི་ལང་ཡང་། གཙོ་བོ་རྗེ་སྤྱན་སྔ། དབོན་རིན་པོ་ཆེ་མཆེད། གཉོས་མགར་ཆོས་གསུམ། དབོན་ཤེར་འབྱུང་སོགས་སློབ་ཚོགས་བསམ་གྱི་མི་ཁྱབ་པ་འཕེལ་ཡོད་འདུག རྒྱས་པར་ཤེས་འདོད་ན་རྣམ་ཐར་འདྲ་མིན་མང་དུ་བཞུགས་འདུག་པས་གཟིགས་འཚལ། སྤྱི་ལོ་༢༠༢༣ཟླ་༦ཚེས་༩ཉིན་བུ་མང་ཚང་གི་མཁན་པོ་པདྨ་བཀྲ་ཤིས་ནས་སྐྱོབ་པའི་རྣམ་ཐར་ཁག་ལས་ཕྱོགས་བསྡོས་བྱས་པ་ཡིན། 《