2017-04-08
རབ་མཛེས་པདྨ་རྒྱས་པའི་ཟེའུ་འབྲུ ་ལས། །སྲས་བཅས་རྒྱལ་བའི་མཁྱེན་བརྩེ་ མ་ལུས་པ། །གཅིག་བསྡུས་རང་བྱུང་སངས་རྒྱས་ པདྨ་འབྱུང་། །སྙིགས་དུས་སྐྱབས་ཀྱི་བཀའ་དྲིན་ སུ་ཡིས་བརྗེད། །མུ་སྟོབས་ལས་ཀྱི་དབང་ཕྱུག་གར། །བདུད་ཚོགས་འདུལ་ལ་བསམ་བཞིན་དུ། །སེམས་དཔའ་དྲག་པོའི་སྐུར་བཞེངས་ པ། །སྐྱེས་མཆོག་སེང་ཆེན་གཙུག་གིས་ མཆོད། །བརྗིད་ཆགས་ལྟ་བ་སྡུག་པ་ལྷུན་པོ འི་སྤོར། །ངོ་མཚར་ཡོན་ཏན་སྟོང་གི་གཟི་ འབར་བ། །དཔའ་བརྟུལ་དཔའ་བོའི་གདུང་འབུམ་ ཚར་དུ་མངར། །ལོ་རྒྱུས་ཁུངས་བཙུན་མ་འདྲེས་ འདི་ན་གསལ། །དེ་ཡང་བོད་ཡུལ་སྟོད་སྨད་བར་གསུ མ་ལས་སྨད་མདོ་ཁམས་ཀྱི་བྱེ་བྲག་ མདོ་སྟོད་གནས་དྲུག་གི་ས་ཆ། ལྕི་ཡི་ལུང་ཆེན་ཕུ་དྲུག་གི་ནང་ གསེས་དྭངས་བསིལ་སེང་ཆུ་སྔོན་མོ འི་གཡོན་ཟུར་དུ། སློབ་དཔོན་པདྨ་འབྱུང་གནས་དང་། རླངས་སྟོན་བྱང་ཆུབ་འདྲེ་བཀོལ། ཡེལ་པ་ཡེ་ཤེས་བརྩེགས་སོགས་སྔོན་ བྱོན་གྲུབ་ཐོབ་མང་པོས་སྒྲུབ་པ་ མཛད་ནས་བྱིན་གྱིས་བརླབས་པའི་ གནས་མཆོག་ཁྱད་པར་བ། རྟ་རྣ་བདེ་མཆོག་ཕོ་བྲང་ཞེས་ཀཉྩི ་ཀའི་གནས་ལག་ཏུ་བསྔགས་པ་བཞུགས་ སོ། །གནས་དེའི་གཡས་ལོགས་སུ་སྲ་མཁྲེ གས་བྲག་གི་ལྷུན་པོ་ཤིན་ཏུ་བརྗི ད་ཆགས་ཤིང་རང་བྱུང་གི་ཕུག་པའི་ ནང་དུ་བཟོ་བཀོད་ཕུན་སུམ་ཚོགས་ པའི་མཆོད་སྡོང་བཅུ་ཕྲག་དུ་མ་ཡོ ད་པ་དེ་གླིང་གི་དཔའ་བརྟུལ་སུམ་ ཅུའི་གདུང་འབུམ་ཡིན་ལ་དེའི་ལོ་ རྒྱུས་ནི། དེ་ཡང་གངས་ཅན་བོད་ཀྱི་དཔའ་བོའམ་ གྲུབ་པ་ཐོབ་པའི་སྐྱེས་བུ་ཆེན་པོ ་འཛམ་གླིང་གེ་སར་རྒྱལ་པོ་དཔའ་ བརྟུལ་སུམ་ཅུའི་འཁོར་དང་བཅས་པ་ ཞིང་འདིའི་གདུལ་བྱ་རྫོགས་ནས་རི མ་བཞིན་ཞིང་གཞན་དུ་གཤེགས། དེའི་དུས་སུ་གླིང་གི་དཔའ་བརྟུལ་ རྣམས་ཀྱི་ཆེ་གྲས་བློན་ཆེན་འདན་ མས་རྒྱལ་བློན་སྔ་མ་རྣམས་ཀྱི་ འདས་རྗེས་ཀྱི་དགོངས་རྫོགས་ལེགས་ པར་བསྒྲུབས་ནས་གདུང་རྟེན་དུ། མདོ་ཁམས་གླིང་ཁྲིའི་སྟོད་རྟ་རྣ འི་རི་བོའི་རྩེ་ལ་མཆོད་སྡོང་ཡང་ བཞེངས།
དེའི་རྗེས་སུ་མི་རབས་ཕྱི་མ་རླ ངས་ཀྱི་སྲས་གཉན་ཐོག་ཨ་ཁྲོམ་དང་ དགྲ་ལྷ་རྩེ་རྒྱལ་གྱི་སྲས་ཨ་གཉན་ རྒྱལ་བ་སྐྱབས་ཀྱིས་དཔའ་བརྟུལ་རྗེ ས་མ་རྣམས་འདས་རིམ་བཞིན་དུ་གདུང་ འབུམ་རྣམས་ཀྱང་དེར་བཞེངས་པས་གླི ང་གི་དཔའ་བཏུལ་རྣམས་ཀྱིས་མཛད། དེ་ཡང་གནས་འདིར་བཞེངས་དགོས་པའི་ ཚུལ་ཇི་ལྟར་ཡིན་ཞེ་ན། སྔོན་གྱི་དུས་སུ་གླིང་རྗེ་གེ་ སར་དེ་ཉིད་ཀྱི་སྐུ་སྐྱེ་གོང་མ་ ལྷ་བུ་དྲི་མེད་ཏོག་དཀར་དང་། ཉན་ཐོས་འོད་སྲུང་ཆེན་པོ། གངྒཱའི་ལྷ་མོ་གསུམ་གྱིས་མ་འོངས་ པའི་དུས་སུ་ལོག་སྨོན་གྱི་བདུད་ རྣམས་འདུལ་བ་དང་། འདུལ་བའི་གྲོགས་བྱེད་པར་སྨོན་ ལམ་ལྷན་ཅིག་ཏུ་བཏབ་པ་དུས་ལ་བབ་ སྟེ། ཉན་ཐོས་འོད་སྲུང་གི་སྤྲུལ་པ་ཀླུ ་ཕྲུག་གསལ་བ་མཛེས་ལྡན་དང་། གངྒཱའི་ལྷ་མོའི་སྤྲུལ་པ་བྱ་རྒྱ ལ་ལ་ཆིབས་ཏེ་བྲག་གམ་རྟ་རྣའི་ གནས་ནང་དུ་ཀླུ་ཕྲུག་བྱང་ཆུབ་སེ མས་དཔའི་ཤ་ཁྲག་འཐོར་བའི་རྟེན་ འབྲེལ་གྱིས་རི་བྲག་རྣམས་ལ་རྒྱལ་ སྲིད་སྣ་བདུན་སོགས་ཀྱི་རང་བྱུང་ བྱོན་ཞིང་། དེའི་རྟེན་འབྲེལ་དང་སྨོན་ལམ་ བཟང་པོའི་བདག་རྐྱེན་གྱིས་ལྷ་ཕྲུ ག་གི་སྐྱེ་བ་གེ་སར་རྒྱལ་པོ་དང་། གླིང་གི་དཔའ་བཏུལ་སུམ་ཅུའི་སྐུ་ ཆས་དང་ཕ་ཆོས་གདུང་རྟེན་བཅས་གནས་ འདིར་བྱུང་བ་ཡིན་ལ། གཞན་ཡང་ཆོས་རྒྱལ་ཁྲི་སྲོང་ལྡེའུ ་བཙན་ཉིད་ནག་ཕྱོགས་བདུད་སྡེ་ དབང་དུ་བསྡུས་ཤིང་བོད་གངས་རིའི་ ལྗོངས་སུ་དམ་པའི་ཆོས་མི་ནུབ་པར་ ཡུན་རིང་དུ་གནས་པར་མཛད། དེའི་དུས་སུ་གུ་རུ་པདྨའི་ཐུགས་ སྤྲུལ་ལྷ་གཟིགས་རླངས་ཀྱི་གྲུབ་ ཐོབ་ཆེན་པོ་ཨ་མེས་བྱང་ཆུབ་འདྲེ་ བཀོལ་མཆོག རྟ་རྣའི་གནས་ཀྱི་ཉེ་ལོགས་ལྕི་ཡི ་གཡོ་ཁུའམ་དབྱུག་གུའི་ས་ཡི་ཆར། གནས་གཞི་ཆགས་ནས་བཞུགས་པ་ཉིད་གླི ང་རྗེ་གེ་སར་གྱིས་ལྕི་ཡུལ་གེར་ མཚོའི་མགུལ་ནས་ཞལ་མཇལ་ཏེ། གྲུབ་ཐོབ་ཀྱིས་དགུང་ལོ་བརྒྱད་ཅུ ་རྩ་བརྒྱད་ཐོབ་པར་ལུང་བསྟན་གནང་ ། གླིང་རྗེ་གེ་སར་རྒྱལ་པོས་རླངས་ སྟོན་ཨ་མེས་བྱང་ཆུབ་འདྲེ་བཀོལ་ ཐུན་མོང་མ་ཡིན་པའི་བླ་མར་བཀུར་ པ་དང་། གླིང་ཡུལ་དུ་གདན་དྲངས་ནས་གླིང་ གི་དཔའ་བརྟུལ་སོགས་གླིང་པ་རྣམས་ ལ་དམ་པའི་ཆོས་ཀྱི་གདམས་པ་བསྩལ་ བས། མཆོད་ཡོན་གྱི་བར་ལ་འབྲེལ་བ་ཆེས་ ཟབ་མོར་གྱུར། དེ་ནས་རླངས་སྟོན་ཞིང་ཁམས་གཞན་དུ ་གཤེགས་རྗེས་རླངས་སྟོན་གྱི་ཞལ་ ཆེམས་བཞིན་རླངས་ཀྱི་སྲས་དང་། གླིང་གི་མི་རབས་རྗེས་མ་རྣམས་ཀྱ ང་སྔར་བཞིན་ཡོན་མཆོད་ཡིན་གཤིས་ དཔལ་བཏུལ་རྣམས་ཀྱི་གདུང་འབུམ་ ཡང་གེ་སར་མཆོག་གི་ཐུན་མོང་མ་ཡི ན་པའི་བླ་མའི་བཞུགས་ཡུལ་རྟ་རྣའི ་རི་བོའི་མགུལ་དུ། དཔོན་སློབ་གཉིས་པོ་དད་དམ་འགྱུར་ བ་མེད་པའི་རྗེས་དྲན་གྱི་རྟེན་དུ ་བཞེངས་པ་ཡིན་ནོ།།
དེ་ལྟར་རི་རྩེའི་བྲག་ཕུག་གཉིས་ སུ་བཞེངས་པའི་མཆོད་རྟེན་དེ་རྣ མས་ནི་དབྱིབས་དང་བཟོ་བཀོད་ཕུན་ སུམ་ཚོགས་ཤིང་ཆེས་ངོ་མཚར་བའི་ཡོ ན་ཏན་མངའ་ལ། གཞན་ཡང་ཡུལ་ཕྱོགས་འདིར་གླིང་གི་ རྗེ་བློན་རྣམས་ཀྱིས་འགྲོ་དོན་ མཛད་པའི་རྟགས་སུ་སེང་གཞུང་རྟ་རྣ འི་རི་བྲག་རྣམས་ལ་གེ་སར་གྱི་སྐུ ་རྗེས་དང་མདའ་གྲི་མདུང་སོགས་ཀྱི ་རྗེས་གསལ་པོར་མཇལ་རྒྱུ་ཡོད་དོ། ། དེ་ལྟ་བུའི་རྟེན་མཆོག་འདི་ནི་ སངས་རྒྱས་བྱང་སེམས་ཀྱི་སྨོན་ལམ་ དང་གདུལ་བྱའི་བསོད་ནམས་གཉིས་པོ་ ནང་འཛོམས་པའི་སྟོབས་ཀྱིས་འགྲོ་ བའི་ཚོགས་གཉིས་བསགས་པའི་བགོ་སྐ ལ་དུ་ཐོབ་པའི་ཆེས་ངོ་མཚར་དང་ལྡ ན་པའི་མཆོད་སྡོང་རྣམས་ཀྱི་བྱིན་ རླབས་དང་ཡོན་ཏན་ཡང་། རྟེན་འདི་ཉིད་མཇལ་བ་ཙམ་གྱིས་དད་ མོས་མཆོག་ཏུ་གྱུར་པ་རྣམས་ལ་དངོ ས་སམ་རྨི་ལམ་དུ་དགྲ་ལྷའི་རྒྱལ་ པོ་གེ་སར་ནོར་བུ་དགྲ་འདུལ་དཔའ་ བརྟུལ་ཝེར་མ་དང་བཅས་པའི་ཞལ་མཇལ་ ལུང་སྟོན་སོགས་ཀྱི་བྱིན་རླབས་ འཐོབ་ལ། འབྲིང་རྣམས་ཀྱིས་མཆོད་རྟེན་གྱི་ ཉེ་སྐོར་དུ་ཡོད་པའི་བྲག་རྣམས་ཀྱི ་ངོས་སུ་གླིང་དཔའ་བཏུལ་རྣམས་ཀྱི ་སྐུ་དང་ཕྱག་མཚན་ཝེར་མ་བཅུ་གསུ མ་གྱི་གཟུགས་སོགས་རང་བྱུང་གསལ་ པོ་མཇལ་ཞིང་། འབྱུང་བ་ཆུ་རླུང་གི་སྒྲ་ལ་ཡང་གླི ང་དཔའ་བོའི་ཀི་སྒྲ། ལྷ་རྟ་རྐྱང་བུའི་ཧུ་སྒྲ་དང་རྨི ག་སྒྲ་སོགས་ཐོས་པར་འགྱུར། ཐ་ན་ཡང་གནས་འདིར་སླེབས་ནས་མཆོད་ རྟེན་མཇལ་བ་ཙམ་གྱིས་ཁམས་དྭངས་ཤི ང་རིག་པ་གསལ་བ་སོགས་བྱིན་རླབས་ ཀྱི་ཚན་ཁ་ཆེ་བའི་གདུང་འབུམ་འདི་ རྣམས་ལ། ཕྱག་དང་སྐོར་བ་མཆོད་འབུལ་སོགས་ བྱས་པའི་ཕན་ཡོན་དཔག་མེད་དུ་འབྱུ ང་བའི་འབྲེལ་ཚད་དོན་ལྡན་གྱི་རྟེ ན་མཆོག་འདི་ནི་མདོ་ཁམས་ཡུལ་གྱི་ རྟེན་རྣམས་ཀྱི་གཙོ་བོ་ཡིན་ཞེས་ གསུངས་པ་བཞིན། བདག་བདེ་ལེགས་སུ་འདོད་པ་རྣམས་ཀྱི ས་སྒོ་གསུམ་རྣམ་དག་གི་སྒོ་ནས་ཕྱ ག་སྐོར་མཆོད་འབུལ་ལ་ཚུལ་བཞིན་དུ ་བརྩོན་ན། ཚེ་འདིའི་ནད་གདོན་སོགས་མི་མཐུན་ པའི་ཚོགས་རྣམས་ཞི་བ་དང་། ལུས་ཀྱི་དབང་རླུང་དར་ཞིང་དགྲ་ལྷ ་ཝེར་མས་མགོན་སྐྱོབས་མཛད་པས་ བསམ་དོན་ཡིད་བཞིན་དུ་འགྲུབ་ཅིང་ སྒྲིབ་གཉིས་བག་ཆགས་རྣམས་རིམ་བཞི ན་བྱང་ནས། གཏན་བདེའི་གོ་འཕང་ལ་རེག་པར་འགྱུ ར་བའི་དགོས་པ་མཆོག་དང་ལྡན་པས་ཚུ ལ་བཞིན་དུ་བརྩོན་པར་རིགས་སོ། །དེ་ལྟར་རྟེན་གྱི་མཆོག་གྱུར་པ། །སུས་ཀྱང་མ་བསྐུལ་གནས་འདིར་བཞེ ངས། །དུས་རབས་འཕོ་འགྱུར་སྣ་ཚོགས་ཁྲོ ད། །ཉམས་ཉེས་མ་གྱུར་ལྷམ་མེར་བརྗིད། ། ཅེས་གླིང་གེ་སར་རྒྱལ་པོ་དང་དཔའ་ བརྟུལ་སུམ་ཅུའི་གདུང་འབུམ་འདི་ རྣམས་ལོ་རྒྱུས་རིང་ཞིང་དུས་ངན་ རླུང་ནག་འཚུབ་མའི་ཁྲོད་ནས་ཀྱང་ ཉམས་ཉེས་སུ་མ་གྱུར་པས་གཟི་བྱིན་ ལྷམ་མེར་འདྲེན་བྱེད་ཀྱི་ཡུལ་དུ་ མངོན་བཞིན་པ་འདི་ག་ལགས་ཀྱང་། འདི་རྣམས་ཀྱི་ལོ་རྒྱུས་སྔར་ཞིབ་ ཕྲ་ཕྱོགས་གཅིག་ཏུ་བཤད་པར་མི་སྣ ང་ལ། འོན་ཀྱང་ཁུངས་ལྡན་གྱི་ཡིག་ཆ་རྣ མས་ལས་འདིའི་སྐོར་བཤད་པ་ཐོར་བུ འི་ཚུལ་དུ་མང་དག་མཆིས་པས། དེ་རྣམས་ཕྱོགས་གཅིག་ཏུ་ཚིག་གི་ སྦྱོར་ཚུལ་རྣམས་གོང་འོག་ལེགས་ པར་བསྒྲིགས་ཏེ་བཤད་པ་འདིས་ནི། འདི་ཡི་ཕྱོགས་ལ་དོན་གཉེར་གྱི་བློ ་ཅན་རྣམས་ལ་ཕན་འབྲས་རྒྱ་ཆེར་འབྱུ ང་བ་གདོན་མི་ཟའོ། །བོད་རབ་བྱུང་བཅུ་བདུན་པ་ས་ཕོ་ བྱི་བའི་གནམ་ལོ་གསར་དུ་བཞད་པའི་ དུས་ཚེས་བཟང་པོར། རྟ་རྣའི་གེ་སར་ཞིབ་འཇུག་ཚོགས་ པས་ཕྱོགས་གཅིག་ཏུ་སྦྱར་བ་དགེ་ བར་གྱུར་ཅིག །མངྒ་ལཾ།། །།