Central Welfare of Nangchen Nyernga – ནང་ཆེན་ཉེར་ལྔའི་དྲ་བ།

བརྟན་བཞུགས།

སྤྱི་ནོར་༧གོང་ས་ལྷ་མིའི་རྣམ་འདྲེན་༧སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་པ་མཆོག་སྐུ་ཚེ་མི་ཤིག་རྡོ་རྗེའི་ཁམས་སུ་བརྟན་པ་དང་། ཆོས་སྲིད་ལུགས་གཉིས་ཀྱི་དཔལ་ཡོན་སྲིད་པའི་ཁམས་སུ་རང་དབང་གཙང་མའི་དཔལ་ལ་ལོངས་སྤྱོད་བའི་ཆེད་དུ། འབྲུ་རྗེ་ནང་ཆེན་ཆོས་རྒྱལ་ཆེན་པོའི་ཁྱབ་འབངས་སུ་གཏོགས་པའི་ལྷ་སྡེ་མི་སྡེ་ཡོངས་ནས་སྤྱི་ལོ་༢༠༠༨ལོའི་ཟླ་༩པའི་ཚེས་༢༨རེའི་གཟའ་ཉི་མའི་ཉིན་བརྟན་བཞུགས་ཟབ་རྒྱས་ཤིག་ཕུལ་བའི་གློ་བརྙེན་ཕྱོགས་སྒྲིག

གླིང་བྲོ་བདེ་ཆེན་རོལ་མོ།

ཚིག་རྩོམ་པ་པོ་མཁས་པའི་དབང་པོ་འཇམ་མགོན་མི་ཕམ་ཕྱོགས་ལས་རྣམ་པར་རྒྱལ་བའི་བདེ་དཔལ་བཟང་པོ་མཆོག འཁྲབ་ཁྲིད་པ་བོད་ཀྱི་གླུ་པ་གྲགས་ཅན་ཤེར་བསྟན་དང་། གླུ་མ་ཕྲིན་ལས་མཚོ། གཞན་ཡང་མདོ་ཁམས་ཀྱི་ན་གཞོན་ཕོ་མོ་གྲངས་བཅུ་དྲུག་ཏེ། དཔའ་བོ་བརྒྱད་དང་། དཔའ་མོ་བརྒྱད་ལས་གྲུབ་པའི་ཞབས་བྲོ། ལྟས་ན་མིག་གི་བདུད་རྩི་། ཉན་ན་རྣ་བའི་བུ་རམ་ཡོང་བའི་འཁྲབ་སྟོན་ཡིད་དུ་འོང་བ་ཞིག བྱང་ཨ་རིའི་ནང་ཆེན་ཉེར་ལྔའི་ལོ་གསར་ཐུགས་སྤྲོ།

སྦས་ཡུལ་ནང་ཆེན།

བདེ་སྐྱིད་ཀྱི་གཞིས་ཁྱིམ་ཞེས་པའི་མཉམ་གཞས་འདི་ནི་ཁམས་སྟོད་ནང་ཆེན་པའི་ཡུལ་སྲོལ་དང་འབྲེལ་བའི་འཁྲབ་སྟོན་གྱི་ཐོག་ནས་བླངས་བའི་གླུ་གཞས་ཤིག་ཡིན།

ཕ་ཡུལ།

ཕ་ཡུལ། ནང་ཆེན།    ཁམས་སྨྱོན་ཧེ་རུ་ཀ ཕ་ཡུལ་ལགས།  ཁྱེད་ཀྱི་རུམ་ཁོང་དྲོད་མོ་དེ་ ངའི་ཆེས་ཐོག་མའི་དྭངས་གཙང་གི་ངུ ་སྐད་ཤོར་ས་ཡིན་ལ། ལྟེ་ཁྲག་དམར་པོའི་ལང་ཚོ་འཐོར་ སའང་ཡིན། ངས་གསལ་དག་སྙན་གསུམ་གྱི་ཀ་ཁའི་ གླུ་དབྱངས་ལེན་ས་དང་། འུར་ཟིང་དང་། ས་རྡུལ་གྱི་ཀློང་ནས་སྐྱིད་སྡུག་ འདྲེས་མའི་མི་ཚེའི་འགྲུལ་བཞུད་ ཀྱི་ལམ་ཁ་དེ་ཡིན་ལ།  བྱིས་དུས་ཀྱི་ལོ་ཟླ་དྲོད་མོ་ཞི ག་ཁྱེད་ཀྱི་པང་ཁུག་ནས་བསྐྱལ་མྱོ ང་།  ཕ་ཡུལ་ནི་ངའི་ཚེ་སྲོག་གི་ཐོག་ མའི་དབུ་ཁྱུད་འབྲི་ས་དེ་ཡིན་ལ། ངའི་ཚེ་མཇུག་གི་མགོ་རུས་ཀྱང་ཁྱེ ད་ཀྱི་པང་ཁུད་དུ་བསྟིམ་འདོད་པ་ དེ་ཡིན།  ཟླ་བ་སྒྲ་གཅན་གྱིས་བཟུང་ཞིང་མུན་པ་ཇེ་ནག་ནས་ཇེ་ནག་ཏུ་གྱུར་པའི་མཚན་ལྗོངས་རིང་མོ་དེར།  ངས་ཕ་ཡུལ་ཀྱི་པང་ཁུག་ནས་ནས་ གཡར་བའི་ཚེ་སྲོག་གི་གཏམ་བརྒྱུད་ གང་མང་ཞིག་དྲན་བྱུང་། ཕ་ཡུལ་གྱི་ཞེན་ཆགས་ངོས་སུ་ཆུ་རྒྱུན་བཞིན་བཞུར་ནས་མི་ལོ་ཉེར་ལྔ་ལྷ ག་ཧ་ཅང་ཐང་ཆད་པའི་བར་ཆད་ཀྱི་རོལ་དབྱངས་ཤིག་བཀྲོལ་མྱོང་།  ཕ་ཡུལ་ལགས། ངའི་ཚེ་སྲོག་གི་ལང་ཚོ་འཛད་བཞིན། ལོ་ཟླ་ནི་ཕ་ཡུལ་གྱི་པང་ཁུག་ནས་ ཀུ་རེ་དང་རྩེད་མཚར་ངང་དུ་ཡལ། ཚེ་སྲོག་གི་རྨིག་སྒྲ་རེ་རེ་ཕ་ཡུལ་གྱི་པང་དུ་འཐིམ་དགོས་པ་ནི་ མཚར་སྡུག་གི་མི་ཚེའི་གོམ་འགྲོས་ཤིག་རེད་ཨང་། ཁྱེད་ཀྱི་པང་ཁུག་ནས་ང་དང་ང་འདྲ་བའི་མི་ཚོགས་ཤིག་གི་ཚེ་སྲོག་གི་ ལྗོན་པར་སྐྱེས་སྟོབས་ཀྱི་མྱུ་གུ་འབུས་ཤིང་ལྗང་འདོག་གི་ལོ་འདབ་རབ་ཏུ་རྒྱས།   ཕ་ཡུལ།  ཁྱེད་ནི་མེ་ཏོག་དང་འཇའ་ཚོན་གྱིས་ལྷན་དུ་སྦྲེལ་བའི་གྲོང་སྡེ་ཆུང་ཆུང་ཞིག་སྟེ། ཁྱེད་ནི་ལོ་ཟླའི་འཁོར་བསྐྱོད་དང་ལྷན་དུ་བཞུར་གྱིན་པའི་ཀ་ཁའི་ཚེ་སྲོག་སྦྱིན་པའི་རིག་པའི་གྲོང་སྡེ་ཞིག…

སྦྲ་ཆེན་སྦྲ་ཆུང་།

སྤྱི་ལོ་2018 ལོའི་ཟླ་ 7 ཚེས་ 6 ཉིན་དྷ་རམ་སའི་ནང་ཆེན་ཉེར་ལྔ་ནས་གོང་ས་མཆོག་དགུང་གྲངས་ 83 ལ་ཕེབས་པའི་སྐུ་ཡི་འཁྲུངས་སྐར་ལ་ཕུལ་བའི་སྦྲ་ཆེན་སྦྲ་ཆུང་གི་ཞབས་བྲོ། བོད་ནས་རྡུང་བའི་སྦྲ་ཆེན་སྦྲ་ཆུང་། བྱིས་པ་རྣམས་ཀྱིས་རྡུང་བའི་སྦྲ་སྦྲ་ཆུང་།

བཀྲ་ཤིས་ཞབས་བྲོ།

སྤྱི་ལོ་ ༢༠༡༨ ལོའི་ཟླ་ ༧ ཚེས་ ༦ ཉིན་༸གོང་ས་མཆོག་དགུང་གྲངས་ ༨༣ ལ་ཕེབས་པའི་སྐུ་ཡི་འཁྲུངས་སྐར་ཉིན་བཞུགས་སྒར་དྷ་རམ་སའི་ནང་ཆེན་ཉེར་ལྔ་ནས་བཀྲ་ཤིས་ཞབས་བྲོའི་མཆོད་པ་ཕུལ་བ་ཞིག་རེད། https://www.youtube.com/watch?v=vFkEfCHziWE