ཐོག་མར་དམིགས་བསལ་ཚོགས་པ་ཟེར་ ནས་མེད་ཀྱང་མདོ་ཁམས་ནང་ཆེན་ཉེར་ ལྔ་དང་ཁམས་རི་བོ་ཆེ་གཉིས་ཀྱི་མི ་དམངས་ཡོངས་ནས་མི་ལ་ནད་ན་ཚ་འདྲ་ བྱུང་བའི་སྐབས་སུ་ཞབས་རིམ་ཚོ གས་པ་འཚོགས་རྒྱུ་སོགས་སྐྱིད་སྡུག་ མཉམ་མྱོང་བྱེད་བཞིན་ལོ་འགའ་ཤས་ ལ་མི་དམངས་ལ་ཞབས་འདེགས་ཞུས་པ་རེ ད། དེ་ནས་སྤྱི་ལོ་ ༢༠༡༣ ལོའི་ཟླ་བ་དང་པོ་ཙམ་གྱི་ནང་ནས་ དུས་རབས་ཀྱི་མགྲོས་དང་མཐུན་པའི་ ཐོག་ནས་ནང་ཆེན་ཕུན་ཚོགས་དངོས་གྲུ བ་དང་། ནང་ཆེན་ཟུར་མང་ནས་ཡིན་པ་དགའ་ལྷུ ག། ནང་ཆེན་སྡོམ་པ་ཨ་འབུམ་རྒྱུད་ནས་ ཡིན་པ་ཀརྨ་བསྟན་རྒྱལ། ནང་ཆེན་ཟུར་མང་ཉག་ལ་ནས་ཡིན་པའི་ རྡོ་རྗེ། ནང་ཆེན་ལྕི་ཆུ་ནས་ཡིན་པའི་དོན་ གྲུབ་ཚེ་རིང་། ནང་ཆེན་ལྕི་ཆུ་ནས་ཡིན་པའི་བསོད་ ནམ་རྒྱལ་མཚན། ནང་ཆེ་ལྕི་ཉིན་སྲིབ་ནས་ཡིན་པ་ ཀར་ཉི་སོགས་ཀྱིས་དབུ་ཁྲིད་པའི་ ཐོག་ནས་ནང་ཆེན་ཉེར་ལྔའི་མི་དམངས་ གང་མཚམས་ཤིག་མཉམ་གནས་ཀྱིས་སྐད་ ཕྲིན་ཚོགས་པའི་དྲྭ་རྒྱའི་རྒྱུད་ ལམ་ནས་ནང་ཆེན་ཉེར་ལྔའི་ཚོགས་པ་ བཙུགས་དགོས་མིན་ཐོགས་ལ་ཕན་ཚུན་ གླེང་སློང་མང་པོ་བྱས་ཤིང་། མཐའ་དོན་སྤྱིར་བོད་མི་རིགས་ཀྱི་ ཆོས་དང་རིགས་གཞུང་མི་ཉམ་རྒྱུན་ འཛིན་དང་། ཉམ་པ་སླར་གསོ་སོགས་ཀྱི་ཆེད་དང་། ཡང་དགོས་སུ་ཁམས་སྟོད་སྒོམ་སྡེ་ ནང་ཆེན་ཉེར་ལྔ་ནི་མི་རིགས་ཤིག་ གི་ཕ་སའི་རིགས་གཞུང་གི་བང་མཛོད། གླུ་གར་གྱི་རྒྱ་མཚོ་སོགས་ཐུན་མོ ང་མ་ཡིན་པའི་ཡུལ་སྲོལ་གོམ་གཤིས་ རྒྱུན་འཛིན་བྱེད་རྒྱུ་ནི་འགྲོ་ བ་མི་རིགས་ཤིག་ལ་མཚོན་ན་ཕྲག་ལ་ བབ་པའི་འོས་འགན་ཡིན་པས་དེ་དག་ བསྲུང་སྐྱོབས་བྱེད་རྒྱུ་དང་། སྦེལ་འཇམ་ནང་ཆེན་ཉེར་ལྔའི་མི་ དམངས་ཡོངས་ལ་ན་ཚ་སོགས་ཀྱི་དཀའ་ ཁག་རིགས་བྱུང་ན་རོགས་རམ་བྱེད་ དགོས་པའི་ཆེད་དུ་དམིགས་ཡུལ་འཆང་ ནས་སྤྱི་ལོ་ ༢༠༡༢ ལོ་ཟླ་བ་ ༨ པའི་ནང་ནས་སྦེལ་འཇམ་ས་གནས་ཧ་འབྲ ས་པེས་ནོ་པལ་Belgium / Antwerpen / Nordpark ཟེར་བའི་སྤང་ཁ་ཞིག་ལ་མཉམ་འཛོམས་ བྱས་ཤིང་ཐུགས་སྤྲོ་ཆུང་ཆུང་ཞིག་ བཏང་ནས་རྒྱུན་ལས་སྐབས་དང་པོ་ལ། ཚོགས་གཙོ་ནང་ཆེན་ཕུན་ཚོགས་དངོས་ གྲུབ་དང་། ཚོགས་གཞོན་ནང་ཆེན་ཟུར་མང་ནས་ཡི ན་པ་དགའ་ལྷུག། དྲུང་ཆེ་ནང་ཆེན་ལྕི་ཉིན་སྲིབ་ ནས་ཡིན་པ་འཇམ་དབྱངས་ཤེས་རབ། དངུལ་གཉེར་ནང་ཆེན་སྡོམ་པ་ཨ་འབུ མ་རྒྱུད་ནས་ཡིན་པ་ཀརྨ་བསྟན་རྒྱ ལ་དང་། ནང་ཆེན་ལྕི་ཆུ་ནས་ཡིན་པའི་ཐར་པ་ རྒྱལ་མཚན་གཉིས་ཡིན། ནང་ཆེན་ལྕི་ཆུ་ནས་ཡིན་པ་བསོད་ ནམས་རྒྱལ་མཚན་བཅས་གསར་འདེམས་བྱ ས་ཤིང་སྤྱི་ལོ་ ༢༠༡༣ ལོའི་ཟླ་བ་ ༢ པའི་ནང་བོད་ཀྱི་གནམ་ལོ་གསར་ཚེས་ ཀྱི་དུས་སྟོན་དང་སྐབས་སྟུན་ནས་ ནང་ཆེན་ཉེར་ལྔའི་མི་དམངས་བརྒྱད་ བཅུ་ལྷག་ཙམ་མཉམ་འཛོམས་ཐོག་ནས་ཐུ གས་སྤྲོ་བཏང་ཞིང་གསར་དུ་དབུ་བརྙེ ས་པ་ཞིག་ཡིན། རྒྱུན་ལས་སྐབས་གཉིས་པ་སྤྱི་ལོ་ ༢༠༡༥ ལོའི་ཟླ་བ་ ༩ པའི་ཚེས་ ༡༥ ཉིན་ནས་ཚོགས་གཙོ་ནང་ཆེན་ལྕི་ཉི ན་སྲིབ་ནས་ཡིན་པ་འཇམ་དབྱངས་ཤེས་ རབ་དང་། ཚོགས་གཞོན་ནང་ཆེན་ལྕི་ཆུ་ནས་ཡི ན་པའི་བསོད་ནམ་རྒྱལ་མཚན། ནང་ཆེན་ཟུར་མང་ནས་ཡིན་པའི་སྨོན་ ལམ་གྲགས་པ་དྲུང་ཡིག་འདེམས་ཐོན་ བྱུང་ཀྱང་འགན་བཞེས་ཆེར་མཛད་མ་ཐུ བ་སྟབས། དངུལ་གཉེར་དང་དྲུང་ཡིག་གཉིས་ཀྱི ་འགན་གཅིག་ཆོག་ཀར་ཉི་ནས་གནང་བཞི ན་ཡོད། ནང་ཆེན་ཉེར་ལྔའི་ཉེར་མཁོའི་ཅ་ ལག་ཉར་མཁན་འགན་འཛིན་ལ། ནང་ཆེན་ཕུན་ཚོགས་དངོས་གྲུབ་དང་། ཟུར་མང་ནས་ཡིན་པའི་ཆོས་མཚོ་གཉི ས་བཅས་གསར་འདེམས་བྱས་ཤིང་ད་ལྟའི ་བར་དུ་ཚོགས་པ་རྒྱུན་སྐྱོང་བྱས་ དང་བྱེད་མུས་སུ་གནས་ཡོད།
ལོ་རྒྱུས་འདི་ནི་ནང་ཆེན་ཉེར་ལྔ འི་དབུས་བདེ་དོན་ལྷན་ཚོགས་ཀྱི་ ཚོགས་གཙོ་པདྨ་བཀྲ་ནས་སྤྱི་ལོ་ ༢༠༡༧ ལོའི་ཟླ་ ༣ ཚེས་ ༤ ཉིན་གཙོ་བོ་སྦེལ་འཇམ་ནང་ཆེན་ཉེ ར་ལྔ་གསར་འཛུགས་གནང་མཁན་ནང་ཆེན་ ཕུན་ཚོགས་དངོས་གྲུབ་མཆོག་ལ་སྐད་ ཕྲིན་དྲྭ་རྒྱའི་ཐོག་ནས་བཅར་དྲི་ བྱས་པ་རྣམས་ཡིག་ཐོག་ལ་བཀོད་ཅིང་ ། བསྐྱར་དུ་སྦེལ་འཇམ་ནང་ཆེན་ཉེར་ ལྔ་བྱུང་རིམ་མཁྱེན་མཁན་རྣམས་ལ་ སྤྱན་གཟིགས་ཕུལ་ནས་དངོས་བྱུང་ལོ ་རྒྱུས་བརྟན་ཁེལ་བ་ཡིན།