ཧྥ་རན་སི་རྒྱལ་ས་པ་རེ་སི་ས་གནས་ནང་ཆེན་ཉེར་ལྔའི་སྐྱིད་སྡུག་སྤྱི་ལོ་ ༢༠༡༤ ལོའི་ཟླ ༨ ཚེས་ ༡༧ ཉིན་མི་མང་མཉམ་འཛོམས་ཐེངས་དང་པོ་དེ་བྱས་ཤིང་རྒྱུན་ལས་གསར་བསྐོས་ཐོག་ཚོགས་པ་དབུས་བརྙེས་པ་ཞིག་ཡིན། སྐབས་དང་པོའི་རྒྱུན་ལས་ཀྱི་དུས་ཡུན་ལོ་འཁོར་གཅིག་ལ་འགན་ཁུར་གཏན་འབེབས་བྱས་པའི་ཚོགས་གཙོ། ངག་དབང་བཀྲ་ཤིས། དངུལ་གཉེར་ཁང་གསར་བུ་ཆུང་། རྩིས་པ་པདྨ་རིགས་འཛིན། བཅས་ཡིན། དེ་དག་ལ་ཕྱག་རོགས་རྒྱུན་ལས་གཞན་ཡང་། སྒྲོལ་མ་གཡུ་སྒྲོན། ཐེ་རུ་ཚང་བཀྲ་ཤིས། ཡུ་རེའི་བཀྲ་ཤིས། བློ་གྲོས་སེངྒེ་དང་བཅས་ཚོགས་གཙོ་གཙོས་པའི་རྒྱུན་ལས་ཕོ་མོ་བདུན་ཡོད་ཁོང་རྣམ་པས་འགན་ཁུར་ལོ་འཁོར་གཅིག་རིང་ལེགས་པར་གྲུབ་ཐོག། སྤྱི་ལོ་ ༢༠༡༥ ལོའི་ཟླ་ ༨ ཚེས་ ༡༦ ཉིན་ས་གནས་ཧྥ་རན་སི་ནང་ཆེན་ཉེར་ལྔའི་མི་མང་དབྱར་སྐྱིད་ཉིན་སྐབས་གཉིས་པའི་རྒྱུན་ལས་གསར་པ་འདེམས་ཐོན་བྱུང་བའི་ཚོགས་གཙོ་གཙོས་པའི་རྒྱུན་ལས་ཕོ་མོ་བདུན་ཡོད་པའི་ཚོགས་གཙོའི་མཚན་ལ། བཀྲ་ཤིས་ཆོས་འཕེལ་དང་། ཚོགས་གཞོན་ཕྲིན་ལས་དཔལ་བཟང་། དངུལ་གཉེར་ཀརྨ་དོན་དམ། རྩིས་པ་སྒ་པ་བསོད་ནམས། བཅས་ལ་ཕྱག་རོགས་རྒྱུན་ལས་གཞན་ཡང་། བཀྲ་ཤིས་དཔལ་གཡང་། ཚེ་གཡང་། དགའ་འཛོམ་ལྷ་མོ། ཁོང་རྣམ་པས་སྐབས་གཉིས་པའི་རྒྱུན་ལའ་འགན་ཁུར་གནང་བཞིན་པ་ཡིན། སྐབས་གཉིས་པའི་རྒྱུན་ལས་རྣམ་པ་ནས་འགོ་བཙུགས་སྟེ་ཕྱིས་སུ་རྒྱུན་ལས་རྣམ་པའི་དུས་ཡུན་འགན་ཁུར་ལོ་གསུམ་རེ་གནང་རྒྱུའི་སྒྲིག་གཞི་དེ་རྒྱུན་ལས་སྐབས་དང་པོ་འདུ་འཛོམས་ཀྱི་ཐོག་ནས་གཏན་འབེབས་བཟོས་པ་ཞིག་རེད།། སྐབས་གཉིས་པའི་ཧྥ་རན་སི་ས་གནས་ནང་ཆེན་ཉེར་ལྔའི་ཚོགས་གཙོ་ཡིས་སྤྱི་ལོ་ ༡༠༡༧ ལོའི་ཟླ་ ༣ ཚེས་ ༣…
ལྡི་ལིའི་ནང་ཆེན་ཉེར་ལྔའི་བདེ་དོན་ལྷན་ཚོགས།
ལྡི་ལིའི་ནང་ཆེན་ཉེར་ལྔ་ནི། བསམ་གྲུབ་དང་། ནང་ཆེན་པདྨ། བསོད་ནམས་ཚེ་དབང་བཅས་ནས་དང་པོ་སྐད་འཕྲིན་དྲྭ་རྒྱ་ཞིག་བཙུགས་ཡོད་འདུག དེ་ནས་སྤྱི་ལོ་ ༢༠༡༨ ལོའི་ཟླ་ ༢ ཚེས་ ༢༠ བོད་ས་ཁྱི་ལོའི་གནམ་ལོ་གསར་ཚེས་ཀྱི་ལོ་སར་ཚེས་པ་ལྔ་ཉིན་ལྡི་ལིའི་མི་འགྱུར་ཀྲི་ལ་ལ་བརྟན་བསྡོད་བྱེད་མཁན་གྱི་ནང་ཆེན་ཉེར་ལྔའི་མི་དམངས་ཡོངས་མདོ་སྟོད་ཆུ་བཞི་སྒང་དྲུག་གི་ཚོགས་ཁང་ནང་དུ་འདུ་འཛོམས་བྱས་ཤིང་ཉིན་གཅིག་རིང་ལོ་གསར་སྤྲོ་འཚོགས་མཉམ་དུ་རོལ་བའི་སྒོ་ནས་དབུ་བརྙེས།ལོ་སར་གྱི་མཆོད་བཤམས། ཞལ་ལག་མཆོད་བཞིན་པའི་གློག་བརྙན། ལོ་གསར་དགོང་ཚོགས་ལ་ཞབས་བྲོ་འཁྲབ་བཞིན་པ། འབྲེལ་བ་བྱེད་ཡུལ་དབའ་ཧོ་བསྟན་འཛིན། བརྒྱ་དཔོན་སྐལ་ལྡན། ཨ་རྒྱ་མཛེས་སྒྲོན། རིག་འཛིན་དབང་མོ་བཅས་ཡིན།
ཁེ་ན་ཌའི་ནང་ཆེན་ཉེར་ལྔའི་སྐྱིད་སྡུག་ཚོགས་པ།
ནུབ་ཕྱོགས་ཁེ་ན་ཌའི་རྒྱལ་ཁབ་ནང་དུ་ནང་ཆེན་ཉེར་ལྔའི་མི་མང་གང་མཚམས་ཤིག་ས་གནས་དེར་སླེབ་ཡོད་པར་བརྟེན་སྤྱི་ལོ་ ༢༠༡༠ ལོའི་ཟླ་ ༤ ཚེས་ ༡༤ ཉིན་མདོ་ཁམས་ནང་ཆེན་ཉེར་ལྔའི་ཁྱབ་ཁོངས་སྒ་སྐྱེ་དགུ་མདོ་ལ་བཞི་གཅིག་བཞི་ཡི་ཡུལ་ཤུལ་ས་ཡོམ་གྱི་གོད་ཆགས་སྐབས་སུ་སྒ་ཁྲི་འདུ་དཔོན་འཆི་མེད་རྣམ་རྒྱལ་མཆོག་གིས་བཀའ་དགོངས་བཞིན་ཁྲི་འདུ་དཔོན་ཚང་གི་ཚ་བོ་བཀྲ་ཤིས་སྟོབས་རྒྱལ་མཆོག་དང་། ཁོང་གི་སྐུ་ཟླ་གཉིས་ཀྱིས་གཙོ་བོར་དབུ་ཁྲིད་པའི་ཐོག་ནས་ཁེ་ན་ཌའི་ནང་ཆེན་ཉེར་ལྔའི་ཚབ་བྱས་ཤིང་ས་གནས་དེ་ནས་ས་ཡོམ་གོད་ཆག་ཁྲོད་ཀྱི་འདས་གསོན་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ཆེད་དུ་ཞལ་འདེབས་བསྡུ་སློང་བྱས་པའི་རོགས་དངུལ་རྣམས་ཆད་ལུས་མེད་པར་ཁྲི་འདུ་བཀྲ་ཤིས་སྟོབས་རྒྱལ་རང་ཉིད་ཀྱི་འགྲོ་མགྲོན་རང་ཉིད་ཀྱིས་བཏང་ཞིང་ཆེད་སྐྱོད་ཀྱིས་སྒ་སྐྱེ་དགུ་མདོ་རུ་སོང་ནས། སྔ་རབས་ཀྱི་ལོ་རྒྱུས་བཤད་ན་ནང་ཆེན་རྒྱལ་པོ་གྱད་བློན་སྡོམ་བེ་ཧུའི་གདུང་སྲས་ཨ་བྷོ་མཆོག་གི་ལམ་སྟོན་བཞིན་ཕ་མ་མེད་པའི་དྭ་ཕྲུག་བརྒྱ་དང་ཉི་ཤུ་ཙམ་ཞིག་ཟུར་དུ་སློབ་གྲྭ་བྱས་ནས་བཙུགས་ཡོད་པ་རྣམས་ལ་སྤྲད་ན་ཡག་པོ་འདུག་གསུངས་པ་བཞིན་སློབ་གྲྭའི་སློབ་གཙོ་ཉི་མ་རིག་འཛིན་མཆོག་གིས་ཡང་དྭ་ཕྲུག་རྣམས་ཧ་ཅང་སྐྱོ་བོ་ཡིན་པས་དེར་སྤྲད་རོགས་གནང་གསུངས་པ་བཞིན་རྒྱ་ནག་སྒོར་མོ་ ༢༥༠༠༠ ཡོད་པ་རྣམས་ཆད་ལུས་མེད་པར་ཁེ་ན་ཌའི་ནང་ཆེན་ཉེར་ལྔའི་ཚབ་བྱས་ནས་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་ཞབས་ཞུས་བྱས་ནས་ཕུལ་བ་ཡིན། དེ་ནས་སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༥ པའི་ཚེས་ ༡༩ རིས་གཟའ་སྤེན་པ་སྣར་མའི་འགྲུབ་སྦྱོར་ཉིན་ཁེ་ན་ཌའི་ནང་དུ་ཡོད་པའི་ནང་ཆེན་སྡོམ་པ་ཨ་འབུམ་རྒྱུད་ནས་ཡིན་པའི་བླ་མ་ག་ལ་རྣམ་སྲས་རིན་པོ་ཆེ་མཆོག་ནས་ཕྱག་བཏབ་གནང་བའི་ཆོས་ཚོགས་ཀརྨ་མ་བསོད་ནམས་དར་རྒྱས་གླིང་གི་མཛད་སྒོའི་དུས་སྟོན་ཞིག་དང་སྟབས་སྟུན་ནས་དེར་ཡོད་མི་མང་རྣམས་ཀྱིས་ནང་ཆེན་ཉེར་ལྔའི་ཚོགས་པ་བཙུགས་དགོས་པའི་གྲོས་མོར་འཚོགས་འདུ་འཚོགས་ཤིང་ཚོགས་ཐོག་ནས་རྒྱུན་ལས་སྐབས་དང་པོ་ལ། ཚོགས་གཙོ་སྒ་ཁྲི་འདུ་དཔོན་ཚང་གི་ཚ་བོ་བཀྲ་ཤིས་སྟོབས་རྒྱལ་མཆོག་དང་། ཚོགས་གཞོན་འབྲོང་པ་སྟོད་མ་ནས་ཡིན་པའི་དགའ་དགེ། དྲུང་ཡིག་ཟླ་བ་མཚོ་མོ། དངུལ་གཉེར་ཀརྨ་རྡོ་རྗེ་དང་། དགའ་སྤུག་སྒྲོལ་མ། ཚེ་རྟེན་དངོས་གྲུབ་བཅས་གསུམ་ཡིན། གཞན་ཡང་ཚོགས་མི་བླ་མ་བསྟན་འཛིན། སྤུ་ར། ཀརྨ། ཡེ་ཤེས་ཆོས་སྒྲོན། སྐལ་བཟང་དོན་གྲུབ། ལྷུན་གྲུབ་ཚེ་རིང་། ཉི་མ་ཚེ་རིང་བཅས་བདུན་ཡིན། སྡོམ་ཚོགས་གཙོ་ཚོགས་གཞོན་དབུས་པའི་རྒྱུན་ལས་མི་གྲངས་བཅུ་གསུམ་བསྐོས་བཞག་བྱས་ནས་དབུ་བརྙེས་པའི་ཚོགས་པ་ཞིག་ཡིན། སྤྱི་ལོ་ ༢༠༡༦ ལོའི་ཟླ་བ་ ༧ པའི་ཚེས་ ༢༣ ཉིན་རྒྱུན་ལས་སྐབས་གཉིས་པའི་ཚོགས་གཙོ་འབྲོང་པ་ཨོ་རྒྱན་དབང་རྒྱལ་དང་། ཚོགས་གཞོན་རིན་ཆེན་ལྷ་མོ་གཉིས་གཞན་ཡང་རྒྱུན་ལས།…
སྦེལ་འཇམ་ནང་ཆེན་ཉེར་ལྔའི་བདེ་དོན་ལྷན་ཚོགས།
ཐོག་མར་དམིགས་བསལ་ཚོགས་པ་ཟེར་ནས་མེད་ཀྱང་མདོ་ཁམས་ནང་ཆེན་ཉེར་ལྔ་དང་ཁམས་རི་བོ་ཆེ་གཉིས་ཀྱི་མི་དམངས་ཡོངས་ནས་མི་ལ་ནད་ན་ཚ་འདྲ་བྱུང་བའི་སྐབས་སུ་ཞབས་རིམ་ཚོགས་པ་འཚོགས་རྒྱུ་སོགས་སྐྱིད་སྡུག་མཉམ་མྱོང་བྱེད་བཞིན་ལོ་འགའ་ཤས་ལ་མི་དམངས་ལ་ཞབས་འདེགས་ཞུས་པ་རེད། དེ་ནས་སྤྱི་ལོ་ ༢༠༡༣ ལོའི་ཟླ་བ་དང་པོ་ཙམ་གྱི་ནང་ནས་དུས་རབས་ཀྱི་མགྲོས་དང་མཐུན་པའི་ཐོག་ནས་ནང་ཆེན་ཕུན་ཚོགས་དངོས་གྲུབ་དང་། ནང་ཆེན་ཟུར་མང་ནས་ཡིན་པ་དགའ་ལྷུག། ནང་ཆེན་སྡོམ་པ་ཨ་འབུམ་རྒྱུད་ནས་ཡིན་པ་ཀརྨ་བསྟན་རྒྱལ། ནང་ཆེན་ཟུར་མང་ཉག་ལ་ནས་ཡིན་པའི་རྡོ་རྗེ། ནང་ཆེན་ལྕི་ཆུ་ནས་ཡིན་པའི་དོན་གྲུབ་ཚེ་རིང་། ནང་ཆེན་ལྕི་ཆུ་ནས་ཡིན་པའི་བསོད་ནམ་རྒྱལ་མཚན། ནང་ཆེ་ལྕི་ཉིན་སྲིབ་ནས་ཡིན་པ་ཀར་ཉི་སོགས་ཀྱིས་དབུ་ཁྲིད་པའི་ཐོག་ནས་ནང་ཆེན་ཉེར་ལྔའི་མི་དམངས་གང་མཚམས་ཤིག་མཉམ་གནས་ཀྱིས་སྐད་ཕྲིན་ཚོགས་པའི་དྲྭ་རྒྱའི་རྒྱུད་ལམ་ནས་ནང་ཆེན་ཉེར་ལྔའི་ཚོགས་པ་བཙུགས་དགོས་མིན་ཐོགས་ལ་ཕན་ཚུན་གླེང་སློང་མང་པོ་བྱས་ཤིང་། མཐའ་དོན་སྤྱིར་བོད་མི་རིགས་ཀྱི་ཆོས་དང་རིགས་གཞུང་མི་ཉམ་རྒྱུན་འཛིན་དང་། ཉམ་པ་སླར་གསོ་སོགས་ཀྱི་ཆེད་དང་། ཡང་དགོས་སུ་ཁམས་སྟོད་སྒོམ་སྡེ་ནང་ཆེན་ཉེར་ལྔ་ནི་མི་རིགས་ཤིག་གི་ཕ་སའི་རིགས་གཞུང་གི་བང་མཛོད། གླུ་གར་གྱི་རྒྱ་མཚོ་སོགས་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམ་གཤིས་རྒྱུན་འཛིན་བྱེད་རྒྱུ་ནི་འགྲོ་བ་མི་རིགས་ཤིག་ལ་མཚོན་ན་ཕྲག་ལ་བབ་པའི་འོས་འགན་ཡིན་པས་དེ་དག་བསྲུང་སྐྱོབས་བྱེད་རྒྱུ་དང་། སྦེལ་འཇམ་ནང་ཆེན་ཉེར་ལྔའི་མི་དམངས་ཡོངས་ལ་ན་ཚ་སོགས་ཀྱི་དཀའ་ཁག་རིགས་བྱུང་ན་རོགས་རམ་བྱེད་དགོས་པའི་ཆེད་དུ་དམིགས་ཡུལ་འཆང་ནས་སྤྱི་ལོ་ ༢༠༡༢ ལོ་ཟླ་བ་ ༨ པའི་ནང་ནས་སྦེལ་འཇམ་ས་གནས་ཧ་འབྲས་པེས་ནོ་པལ་Belgium / Antwerpen / Nordpark ཟེར་བའི་སྤང་ཁ་ཞིག་ལ་མཉམ་འཛོམས་བྱས་ཤིང་ཐུགས་སྤྲོ་ཆུང་ཆུང་ཞིག་བཏང་ནས་རྒྱུན་ལས་སྐབས་དང་པོ་ལ། ཚོགས་གཙོ་ནང་ཆེན་ཕུན་ཚོགས་དངོས་གྲུབ་དང་། ཚོགས་གཞོན་ནང་ཆེན་ཟུར་མང་ནས་ཡིན་པ་དགའ་ལྷུག། དྲུང་ཆེ་ནང་ཆེན་ལྕི་ཉིན་སྲིབ་ནས་ཡིན་པ་འཇམ་དབྱངས་ཤེས་རབ། དངུལ་གཉེར་ནང་ཆེན་སྡོམ་པ་ཨ་འབུམ་རྒྱུད་ནས་ཡིན་པ་ཀརྨ་བསྟན་རྒྱལ་དང་། ནང་ཆེན་ལྕི་ཆུ་ནས་ཡིན་པའི་ཐར་པ་རྒྱལ་མཚན་གཉིས་ཡིན། ནང་ཆེན་ལྕི་ཆུ་ནས་ཡིན་པ་བསོད་ནམས་རྒྱལ་མཚན་བཅས་གསར་འདེམས་བྱས་ཤིང་སྤྱི་ལོ་ ༢༠༡༣ ལོའི་ཟླ་བ་ ༢ པའི་ནང་བོད་ཀྱི་གནམ་ལོ་གསར་ཚེས་ཀྱི་དུས་སྟོན་དང་སྐབས་སྟུན་ནས་ནང་ཆེན་ཉེར་ལྔའི་མི་དམངས་བརྒྱད་བཅུ་ལྷག་ཙམ་མཉམ་འཛོམས་ཐོག་ནས་ཐུགས་སྤྲོ་བཏང་ཞིང་གསར་དུ་དབུ་བརྙེས་པ་ཞིག་ཡིན། རྒྱུན་ལས་སྐབས་གཉིས་པ་སྤྱི་ལོ་ ༢༠༡༥ ལོའི་ཟླ་བ་ ༩ པའི་ཚེས་ ༡༥…
ཨ་རིའི་ནང་ཆེན་ཉེར་ལྔའི་བདེ་དོན་ལྷན་ཚོགས།
སྤྱི་ལོ་༡༩༩༩ལོ་ལ་ང་ཚོའི་ས་གནས་བྱང་ཨི་རིའི་ནིའུ་ཡོ་ལ་ཡོད་པའི་ཕ་ཡུལ་ནང་ཆེན་ཉེར་ལྔའི་ཁྱབ་ཁོངས་ནས་ཡིན་པའི་གྲོགས་ཕོ་མོ་མཉམ་འཛོམས་ཐོག་ལ། ས་གནས་ནིའུ་ཡོ་ལ་བྱང་ཨ་རིའི་ནང་ཆེན་ཉིར་ལྔའི་སྐྱེ་སྡུག་ཚོགས་པ་ཞིག་ཚུག་དགོས་པའི་གྲོས་མོར་བྱས་པ་ཡིན། རྒྱུ་མཚན་ནི་སོ་སོའི་ལུང་པ་ནི་མའི་ཡི་དབང་ཚད་ཡིན་པ་ལས་རང་དབང་མེད་པས་ཕ་ཡུལ་བཞག་ནི་མི་ཡུལ་ལ་སྐྱབས་བཅོལ་བྱེད་ཅིང་འགྲོ་མཁན་མང་པོ་ཡོད་པ་རེད། མི་ཡུལ་ལ་ཕ་མ་དང་སྤུན་མཆེད་གཉེན་ཉེ་རིང་གང་ཡང་མེད་པ་རེད། དེ་འདྲ་ཡིན་པའི་རྒྱུ་མཚན་གྱིས་མ་འོང་པར་ཕ་ཡུལ་གཅིག་པ་ལ་གཅིག་ཕན་གཅིག་རོགས་བྱེད་དགོས་ན་སྐྱིད་སྡུག་ཟེར་བ་དེ་ནི་གལ་ཆེན་པོ་ཞིག་ཡིན་པ་རེད། ང་ཚོ་འདི་གར་ཡོད་པའི་མིང་མང་རྣམས་ཕྱི་ཟླ་༦པའི་དབྱར་ཁ་ཞིག་ལ་སྤང་ཐོག་ཏུ་སོ་སོས་གྲོ་ཆས་སོ་སོའི་ཁུར་ནས་མཉམ་འཛོམས་ཐེངས་དང་པོའི་ཐོགས་ང་ཚོ་ལ་མ་དངུལ་གང་ཡང་ཡོད་ཅི་མ་རེད། མི་རེ་རེ་ནས་མ་དངུལ་སྒོར༡༠༠རེ་བསྡུས། མཁྱེན་རབས་དབང་ཕྱུག་སྒོར༡༠༠ ཀརྨ་ཚུལ་ཁྲིམས་སྒོར༡༠༠ སྒྲོལ་དཀར་ཚེ་མཚོ་སྒོར༡༠༠ བུ་ཚེ་སྒོར༡༠༠ བཀྲ་ཤིས་དཔལ་འབར་སྒོར༡༠༠ སྐྱེད་ཚེ་རིང་སྒོར༡༠༠ འབྲུག་གྲགས་ཉི་མ་སྒོར༡༠༠བཅས་ཁྱོམ་སྡོམ་སྒོར༧༠༠ཡིས་མ་དངུལ་བྱས་ནི། ཁྲིམས་རྩོད་པའི་བརྒྱུད་ནས་ས་གནས་ནིའུ་ཡོ་ཡིས་ཁྲིམས་ཐོག་དེབ་སྐྱེལ་བྱས་ནི་བཙུགས་པ་ཞིག་ཡིན། སྐྱེད་སྡུག་གིས་ངོས་ནས་ཡང་ནད་པ་མང་པོ་ཞིག་ལ་མི་དང་རྒྱུ་ཡི་འགྲོ་སོང་ཆེན་པོ་བཏང་ནས་ཕན་ཐོག་རྒྱ་ཆེན་པོ་བྱུང་ཡོད། གཞན་ཡང་ཕ་ཡུལ་གཅིག་པ་རྣམས་མཉམ་འཛོམས་ཐོགས་དབྱར་ལ་དབྱར་སྐྱིད་དང་། དགུན་ལ་མཚན་ཚོགས་ལོ་སྟར་ཆགས་ལ་བྱེད་ཅིང་ད་ལྟའི་བར་དུ་བརྒྱུན་མ་ཆད་པ།འགྲོ་བཞིན་པ་ཡིན། ལོ་རྒྱུས་འདི་འབྲུག་སྒྲགས་ཉི་མ་ནས་ཨ་བོ་དགའ་སྐྱིད་ལ་འདོན་སྤྲོད་བྱས་པ་ཞིག་བཀོད་པ་ཡིན།
བཞུགས་སྒར་རྡ་རམ་སའི་ནང་ཆེན་ཉེར་ལྔའི་བདེ་དོན་ལྷན་ཚོགས།
རྒྱུན་ལས་སྐབས་དང་པོ། སྤྱི་ལོ་ ༡༩༩༩ ལོའི་ཟླ་བ་ ༥ ཚེས་ ༨ ཉིན་བཞུགས་སྒར་རྡ་རམ་སའི་ནང་ཆེན་ཉེར་ལྔའི་མཐུན་ཚོགས་གསར་བཙུགས་བྱེད་རྒྱུ་གྲོས་མོར་བྱས། སྐབས་དེར་འགན་ཁུར་བྱེད་མཁན་གཙོ་བོ་ལ། བློ་བཟང་ཚེ་རིང་དང་། སྒ་པ་ཟླ་བ་ཚེ་རིང་། པདྨ་རྡོར་རྗེ། ཁྲོ་རྒྱལ་མགོན་པོ་སོགས་ཀྱིས་གནང་སྟེ། སྐུ་མགྲོན་གྱི་གཙོ་བོ་ལ། སྤྲུལ་རིན་པོ་ཆེ་ཨོ་རྒྱན་སྟོབས་རྒྱལ་མཆོག་དང་། མཁན་རིན་པོ་ཆེ་ཚུལ་ཁྲིམས་རྣམ་དག་གཉིས་གདན་ཞུས་བྱས་ནས། རྒྱ་གར་བྱང་ཕྱོགས་ཧེ་མ་ཅར་གྱི་ལྔ་སྡེའི་ས་གནས་བཞུགས་སྒར་རྡ་རམ་སའི་ཉེ་ཕྲེས་སུ་ཡོད་པའི་ནོར་བུ་གླིང་གའི་ས་གནས་ཀྱི་ཉེ་ཕྱོགས་བྱེས་ཀྱི་གདན་ས་རྒྱུད་སྟོད་ར་མོ་ཆེའི་དགོན་པའི་མདུན་ཐང་དུ་ ནང་ཆེན་ཉེར་ལྔའི་མི་དམངས་སྐྱ་སེར་ ༡༥༠ ཙམ་ལྷན་འཛོམས་ནས་ཐུགས་སྤྲོ་བཏང་ཞིང་སྤྲོ་སྐྱིད་ལ་རོལ། སྐབས་དེར་མཁན་ཚུལ་ཁྲིམས་རྣམ་དག་ལགས་ཀྱིས་གསུངས་དོན། སྐབས་དང་པོ་རྒྱུན་ལས་རྣམས་དམངས་གཙོའི་ལམ་ལུགས་དང་མཐུན་པའི་ཐོག་ནས་མང་མོས་འོས་འདེམས་དགོས་རུང་། ད་ཆ་ང་ཚོ་ཕ་ཡུལ་གཅིག་པ་རྣམས་ཕར་ངོ་ཚུར་ཤེས་ཀྱི་རྒྱུས་ཆ་མེད་སྟབས་འོས་འདེམས་བྱེད་ཐབས་དཀའ་བས། སྐབས་དང་པོའི་རྒྱུན་ལས་རྣམས་ངས་ཐད་ཀར་མིང་འདོན་བྱེད་འཆར་ཡོད་པས་ཁྱེད་རྣམས་པས་མིན་མི་གསུངས་རོགས་གསུངས་པ་བཞིན་དྭང་ལེན་བྱས། མཁན་པོ་མཆོག་གིས་མིང་འདོན་བྱས་པའི་མཚན་གཞུང་། སློབ་སྟོན་པ། མཁས་དབང་ཟླ་བ་ཚེ་རིང་མཆོག ཕ་ཡུལ་སྒ་པ། ཚོགས་གཙོ། མཁན་པོ་ཀརྨ་བསྟན་འཛིན་མཆོག ནང་ཆེན་ཇ་པ་དགོན་ཞབས། ཚོགས་གཞོན། ཁྲོ་རྒྱལ་མགོན་པོ། ནང་ཆེན་ཟུར་མང་། དྲུག་ཡིག བློ་བཟང་ཚེ་རིང་། ནང་ཆེན་ཤོར་མདའ་འཆམ་ཤེས་གཞུང་། དངུལ་གཉེར། ནང་ཆེན་ཟུར་མང་ནས་ཡིན་པ་པདྨ་རྡོ་རྗེ་དང་། ནང་ཆེན་ལྕི་ཆུ་ནས་ཡིན་པ་ཨོ་རྒྱན་དར་རྒྱས།…
རྒྱ་གར་ལྷོ་ཕྱོགས་མེ་སོར་བེལ་ཀོབ་ནང་ཆེན་ཉེར་ལྔའི་བདེ་དོནལྷན་ཚོགས།
སྤྱི་ལོ་ ༡༩༦༤ ལོ་ནས་ས་སྐྱོང་ནང་ཆེན་ཆོས་རྒྱལ་ཆེན་པོའི་ཆབ་འབངས་དཔོན་སྡེ་ཉེར་ལྔའི་ནང་ཚན་སྒ་ཁྲི་འདུ་དཔོན་ཚང་དང་། ཆོས་རྗེ་ཨ་དབྱངས་རིན་པོ་ཆེ། ཁྲི་འདུ་ཞྭ་སྒམ་རིན་པོ་ཆེ་དབུས་པའི་ས་གནས་མི་དམངས་ཡོངས་ཀྱིས་ནང་ཆེན་ཉེར་ལྔའི་ཚོགས་པ་གསར་འཛུགས་མཛད་ནས་ད་ལྟའི་བར་ལོ་ངོ་ལྔ་བཅུ་ང་གསུམ་རིང་ལ་སྤྱི་ཚོགས་ཞབས་ཞུས་ཐོག་ཚོགས་པ་མ་ཉམ་རྒྱུན་སྐྱོང་མཛད་ནས་གནས་དང་གནས་མུས་ཡིན། ཚོགས་པ་འདི་ཡང་རང་ཁོངས་ཀྱི་མི་མང་རྣམས་མཐུན་འབྲེལ་དང་། ན་ཤི་སོགས་ཅི་རིགས་བྱུང་ཚེ་གཅིག་ཕན་དང་གཅིག་གྲོགས་ཡོང་ཆེད་དུ་གཙོ་བོར་དམིགས་ནས་ཐོག་མར་བཙུགས་པ་ཡིན། སྤྱིར་འགྲོ་བ་སེམས་ཅན་ཐམས་ཅད་དང་། ཡང་དགོས་ནང་ཆེན་ཉེར་ལྔའི་ཁྱབ་འབངས་ཀྱི་ལྷ་སྡེ་མི་སྡེ་ཡོངས་བདེ་སྐྱིད་ཀྱི་དཔལ་དུ་རོལ་བའི་ཆེད་དུ་དམིགས་ནས་ལོ་རེར་འབུམ་དག་ཚར་རེ་གསུངས་ཤིང་དེ་དང་སྐབས་སྟུན་ནས་ས་གནས་ཀྱི་མི་མང་རྣམས་ཞལ་ལག་མཉམ་བཞེས་མཛད་ནི་དགའ་སྤྲོ་ངང་གནས་པའི་ལུགས་སྲོལ་ཡོད། ད་ལྟའི་ཆ་གླིང་ཚང་རྒྱལ་པོའི་སྲས་མོ་ཁྲི་འདུ་ཚང་གི་ཚ་མོ་ཡིད་དགའ་མཆོག་དང་། ཁྲི་འདུ་ཐོས་པ། ནང་ཆེན་ཨ་རྡོ་བཅས་ནས་དབུ་ཁྲིད་པའི་ཐོག་ས་གནས་ཀྱི་ཚོགས་པའི་ངོས་དང་མི་མང་ཡོངས་ནས་བོད་རྒྱལ་ལོ་ ༢༡༤༤2144 རབ་གནས་མེ་མོ་བྱ་ཡི་ལོ་ཚེས་པ་བརྒྱད་དེ། བཀྲ་ཤིས་པའི་དུས་ཚེས་བཟང་པོ་དང་ལྷན་དུ་རང་རེའི་མེས་པོ་དམ་པ་ནང་ཆེན་ཆོས་རྒྱལ་ཆེན་པོའི་རྒྱལ་རབས་ཉེར་དགུ་པ་༼ བཀྲ་ཤིས་ཚེ་དབང་སྟོབས་རྒྱལ་༽ སྐུ་འཁྲུངས་ནས་ལོ་ ༡༠༦ འཁོར་བའི་དུས་དྲན་མཛད་སྒོ་སྲུང་གཙི་ཞུས་ཡོད། དེ་ནི་དུས་རབས་གསར་པའི་ནང་ལ་བྱུང་མ་མྱོང་བའི་ལོ་རྒྱུས་རང་བཞིན་བདེན་པ་ཞིག་ཆགས་ཡོད། ལོ་རྒྱུ་འདི་ནི་ས་གནས་ཀྱི་ཚོགས་པ་དེ་ལ་རྒྱུས་མངའ་ཆེ་བའི་ནང་ཆེན་ཨ་རྡོ་དང་ཁྲི་འདུ་བཀྲ་ཤིས་སྟོབས་རྒྱལ་གཉིས་ཀྱིས་དྲྭ་ལམ་རྒྱུད་ནས་གསུངས་པ་གཞི་བཞག་ཐོག་ནས་སྤྱི་ལོ་ ༢༠༡༧ ལོའི་ཟླ་ ༣ ཚེས་ ༢༣ ཉིན་བུམ་མང་ཚངས་སྲས་སུ་འབོད་པས་ཟིན་ཐོ་བཀོད་པའོ། །
བལ་ཡུལ་ནང་ཆེན་ཉེར་ལྔའི་བདེ་དོན་ལྷན་ཚོགས།
སྤྱི་ལོ་ ༡༩༦༨ ལོ་ཙམ་ལ་བལ་ཡུལ་ཀ་ཐ་མན་གྲུ་ཉེ་འགྲམ་དུ་ནང་ཆེན་ཉེར་ལྔའི་ཁྱབ་ཁོངས་ནས་ཡིན་པའི་སྒ་པ་དར་རྒྱས་དང་། སྒ་པ་ཉི་དགའ། ནང་ཆེན་པ་དབང་ཆེན། ནང་ཆེན་ནམ་མཁའ་ཟེར་བའི་རྒན་པོ་བཞི་ཡོད། ཁོང་རྣམ་པ་བཞི་ཡིས་གྲོས་མོལ་གནང་ནས་སྟོད་པ་ལ་ཡང་སྐྱིད་སྡུག་འདུག དབུས་གཙང་ལ་ཡང་སྐྱིད་སྡུག་འདུག སུ་ལ་ཡིན་ན་ཡང་རང་རང་སོ་སོ་ལ་སྐྱིད་སྡུག་འདུག ང་རང་ཚོ་ལ་ཡང་སྐྱིད་སྡུག་ཞིག་དགོས་ཀྱི་འདུག་གསུངས་ནས་སྒོར་མོ་ལྔ་རེ་ཙམ་དང་བཅུ་རེ་ཙམ་རེ་བསྡུས་ནས་བཙུགས་པ་རེད། དེའི་མཚམས་ནས་བལ་ཡུལ་ལ་ཡོད་པའི་དེམ་ཆི་ཉེར་ལྔའི་བླ་མ་དེལ་ཡག་ཟླ་བཟང་རིན་པོ་ཆེ་དང་། ས་བཅུ་རིན་པོ་ཆེ། ཁྲ་རིག་རིན་པོ་ཆེ། སྤྲུལ་སྐུ་ཨོ་རྒྱན་རིན་པོ་ཆེ། ཁོང་རྣམ་པ་ལ་ཞུས་ནས་བླ་མ་རྣམ་པས་ཀྱང་ཡག་པོ་འདུག་གསུངས་ནས་བཀའ་ཁྲོལ་གནང་ཞིང་ཁོ་ཚོས་སྒོར་མོ་བཅུ་ཙམ་རེ་བསྡུ་རུག་བྱས་ཤིང་ཐུགས་སྤྲོ་བཏང་ཞིང་བླ་མ་རྣམ་པ་གདན་འདྲེན་ཞུས་རིན་པོ་ཆེ་རྣམ་པས་ཡང་དེ་སྐབས་དཔེ་ཤག་སྐོན་པོ་ཡིན་ན་ཡང་སྒོར་མོ་ ༢༥ ཙམ་རེ་གསོལ་རས་གནང་ནས་ནང་ཆེན་ཉེར་ལྔའི་སྐྱིད་སྡུག་ཚོགས་པ་ཚུགས་དགོས་ཀྱི་འདུག་གསུངས་པ་རེད། དེ་ནས་གྲྭའུ་བེ་ཧུ་དང་། ཁྲི་འདུ་བེ་ཧུ་འཆི་མེད་རྣམ་རྒྱལ། དཔོན་རུ་བེ་ཧུ་གྲགས་པ་རྣམ་རྒྱལ། འབྲོང་སར་བེ་ཧུ་ནམ་མཁའ་རྡོ་རྗེ། དགེ་རྒྱལ་བར་མ་བེ་ཧུ་འོད་གསལ་ཁོང་རྣམ་པ་གང་དགས་ཡར་མར་སྐད་ཆ་བྱས་ནས་གཙོ་བོ་སྡོམ་བཟའ་ཚེ་རིང་ཆོས་སྒྲོན་སྐབས་དེ་དུས་བོད་མི་མང་གི་སྤྱི་འཐུས་ལས་ཐོག་རེད། ཁོང་རྣམས་སྤྱི་མཐུན་གྱི་སྒོ་ནས་ཚོགས་པ་དེ་བཙུགས་པ་རེད། རིམ་བཞིན་ལོ་རེ་ལ་ཐུགས་སྤྲོ་འདྲ་བཏང་ནས་ཚོགས་པ་གང་མཚམས་ཡར་རྒྱས་སོང་བ་རེད། དེའི་མཇུག་ནས་དགེ་རྒྱལ་བར་མའི་འོད་གསལ་ཚོགས་གཙོ་བྱས་ཤིང་ལྷག་བསམ་ལྷོད་མེད་ཐོག་ནས་འགན་ཁུར་གནང་ནས་ཚོགས་པ་ཇེ་རྒྱས་སུ་སོང་མི་ཡང་མང་རུ་སོང་ཞིང་ཡག་པོ་ཆགས་ཡོད། དེའི་རྗེས་སུ་སླེ་བེ་ཅང་ཚེ་རིང་རྡོ་རྗེ་ཁོང་ཚོགས་གཙོ་གནང་བ་རེད། དེའི་སྐབས་སུ་རྒས་གསོ་ཁང་ཞིག་བཙུགས་ནས་སྤྱི་ཚོགས་ཞབས་ཞུ་བླ་མེད་འགྲུབ་ཡོད་རེད། གཞན་ཡང་ནང་ཆེན་ཉེར་ལྔའི་མི་མང་ལ་ན་ན་ནད་གཡོག་དང་ཤི་ན་ཕུང་པོ་མེར་བསྲེག་གཏོང་བ་སོགས་ཞབས་ཞུ་ཡག་པོ་སྒྲུབ་ཡོད་འདུག དེའི་རྗེས་སུ་དིལ་ཡག་དགོན་པའི་གྲྭ་པ་ཨ་ཉེ་ཨ་བྷོ་ནས་ཚོགས་གཙོ་བྱས་ནས་རྒྱུན་སྐྱོང་བྱས་ཡོད། དེའི་རྗེས་སུ་འབྲོང་པ་བེ་ཧུ་གཡུ་རྒོད་ཚོགས་གཙོ་གནང་ནས་ལོ་རྟག་པར་ཐུགས་སྤྲོ་བཏང་ནས་དཔེ་ཡག་པོ་འདྲ་བྱུང་ཡོད། དེ་ཡི་སྐབས་སྤྱི་ལོ་ ༢༠༠༨ ལོ་ནས་ནང་ཆེན་ཉེར་ལྔ་གཞི་བྱེས་གཉིས་ཀྱི་ཚབ་བྱས་ནས་གོང་ས་མཆོག་ལ་བརྟེན་བཞུགས་ཕུལ་ཐུབ་པ་བྱུང་ཡོད། དེའི་རྗེས་སུ་ཚོགས་གཙོ་ཀརྨ་ཟླ་བ། ཚོགས་གཞོན་སྒ་པ་རིན་ཆེན་རྨད་བྱུང་། སྤྱི་ལོ་ ༢༠༡༠ ལོ་ཡུལ་ཤུལ་ས་འགུལ་གྱི་སྐབས་སུ་མཆོད་རྟེན་བྱ་རུང་ཁ་ཤོར་མདུན་དུ་བདུན་ཚིག་ཞེ་དགུ་འཚོགས་ནས་གདུང་སེམས་མཉམ་བསྐྱེད་ཀྱི་ཐོག་ནས་སྨོན་ལམ་འཚོགས་ཡོད། དེ་ནས་བཟུང་ཕ་ཡུལ་གཞིས་ལུས་མི་མང་ལ་གོད་ཆག་ཆེན་པོ་དེ་ཙམ་བྱུང་སོང་བས་ཐུགས་སྤྲོ་བཏང་ན་ཡག་པོ་མི་འདུག་ཟེར་ནས་ལོ་རེ་ལ་གུ་རུ་ཞི་བའི་ཚོགས་འབུམ་བལ་ཡུལ་དུ་ཡོད་པའི་ནང་ཆེན་ཉེར་ལྔའི་དགོན་སྡེ་ཁག་ཀྱི་བླ་གྲྭ་རྣམས་གདན་འདྲེན་ཞུ་ཞིང་འཚོགས་ཀྱི་ཡོད་རེད། སྤྱི་ལོ་…
རྒྱ་གར་ལྷོ་ཕྱོགས་ཀོ་ལེས་སྒར་གྱི་ནང་ཆེན་གཞིས་ཆགས།
གོང་ས་བཅུ་བཞི་པ་ཆེན་པོའི་དབུ་ཁྲིད་པའི་བཙན་བྱོལ་གཞུང་གིས་ལམ་སྟོན་འོག་ནསསྤྱི་ལོ་ ༡༩༧༤ ལོ་གསར་འཛུགས་གནང་བའི་གཞིས་ཆགས་ཤིག་ཡིན། སྤྱིར་གཞིས་ཆགས་ཀྱི་ས་ཆའི་རྒྱ་ཁྱོན་ལ་ཨེ་ཀ་ ༣༠༠༠ ཐམ་པ་ཡོད། མི་གྲངས་བཞི་སྟོང་ལྔ་བརྒྱ་ཙམ་ཡོད། དེང་སང་ཡང་གཞིས་ཆགས་ནང་བསྡོད་མཁན་སུམ་སྟོང་ལྷག་ཙམ་ཡོད་ཚོད་འདུག སྤྱིར་ཀོ་ལེས་སྒར་གཞིས་ཆགས་ནང་དུ་ཁམས་པ་བརྒྱ་ཤོག་དྲུག་ཡོད་འདུག དེ་ཡི་ནང་ནས་སྐྱབས་རྗེ་རི་པ་བར་མའི་དགོན་པའི་བླ་མ་བག་ཡོད་རིན་པོ་ཆེའི་དབུ་ཁྲིད་པའི་ནང་ཆེན་འབྲོང་པ་སྨད་མའི་བརྒྱ་ཤོག་དང་། ནང་ཆེན་འབྲོང་པ་སྟོད་མིའི་བརྒྱ་ཤོག་གཉིས་དང་བཅས་ཁམ་ཙང་ནང་ཆེན་བརྒྱ་ཤོག་གཉིས་ཡོད་འདུག གཞན་ཡང་ཁམས་པ་བརྒྱ་ཤོག་རྣམས་ཀྱི་ནང་དུ་ནང་ཆེན་དུད་ཚང་ཐོར་བུར་གཞིས་ཆགས་ནས་གནས་མཁན་ཡང་མང་པོ་ཡོད་འདུག ཀོ་ལེས་སྒར་གཞིས་ཆགས་ནང་དུ་སྡོམ་ཚོད་དཔག་བྱས་ན་ནང་ཆེན་དུད་ཚང་དྲུག་བཅུ་ལྷག་ཙམ་ཡོད་འདུག་པ་བཅས་ལ་བརྟེན་ནས་ཡོངས་གྲགས་ནང་ཆེན་གཞིས་ཆག་ཞེས་ཐོག་ཡོད། གཞིས་ཆགས་འདི་ཡི་ནང་དུ་རྫོགས་ཆེན་དགོན་པ་དང་། རི་པ་སྟོད་མའི་དགོན་པ། བྱང་རྟ་རྣ་དགོན་པ། སྟག་ཤམ་དགོན་པ། ཆོས་རྗེ་ཨ་དབྱངས་རིན་པོ་ཆེའི་ཕྱག་བཏབ་པའི་འབྲི་གོང་དགོན་པ་སོགས་ཡོད་པའི་ནང་ནས་རི་པ་བར་མའི་དགོན་པ། བྱང་རྟ་རྣ་དགོན་པ། འབྲི་གོང་དགོན་པ་གསུམ་དང་། ཕ་ཡུལ་ནང་ཆེན་ནས་ཡིན་པའི་མཁན་པོ་ཀར་བསྟན་ནས་བཞེངས་སྐྲུན་གནང་བའི་བདེ་ཆེན་ཞིང་སྒྲུབ་འཚོགས་སའི་ཆོས་ཚོགས་ལྷ་ཁང་ཞིག་ཀྱང་ཡོད་འདུག་དེ་དག་ནས་སྔ་མའི་ལོ་རྒྱུས་རྒྱུད་རིམ་གྱི་ཐོག་ནས་བཤད་ན་ནང་ཆེན་ཉེར་ལྔའི་ཁོངས་གཏོགས་དགོན་པ་ཡིན་འདུག ས་གནས་དེར་གཞིས་ཆགས་ནས་ད་ལྟའི་སྤྱི་ལོ་ ༢༠༡༧ ལོའི་བར་དུ་ལོ་གྲངས་བཞི་བཅུ་ཞེ་གསུམ་འཁོར་ཡོད། སྤྱི་ལོ་ ༢༠༡༧ ལོའི་ཟླ་ ༣ ཚེས་ ༤ ཉིན་ཀོ་ལེས་སྒར་གྱི་གཞིས་ཆགས་ལ་གནས་སྡོད་བྱེད་མཁན་ནང་ཆེན་ག་འུ་དབང་དྲག་མགོན་པོ་ལ་ནང་ཆེན་ཉེར་ལྔའི་དབུས་བདེ་དོན་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་བཀྲ་ཤིས་ནས་སྐད་ཕྲིན་དྲྭ་རྒྱའི་ཐོག་ནས་དྲིས་པ་རྣམས་ཇི་བཞིན་ཟིན་ཐོ་བཀོད་པའོ།།
རྒྱ་གར་བྱང་ཕྱོགས་དྷི་ར་རྡུན་ཀམ་རོ་ས་གནས་ཀྱི་གྲྭའུ་གཞིས་ཆགས།
ཐོག་མར་རྒྱ་གར་ལྡི་ལིའི་ལ་བཟོ་ལས་གཞིས་ཆགས་ཤིག་ཡོད། དེ་གོང་ས་བཅུ་བཞི་པ་ཆེན་པོས་བཀའ་གསུངས་བཞིན་སྤྱི་ལོ་ ༡༩༦༧ ལོ་ནས་ཁམས་སྟོད་ས་སྐྱོང་ནང་ཆེན་ཆོས་རྒྱལ་ཆེན་པོའི་བཀའ་ཡི་བློན་ཆེན་གྲྭའུ་དཔོན་རིན་ཆེན་ཚེ་རིན་མཆོག་ནས་དབུ་ཁྲིད་པའི་ཐོག་ནས་དྷི་ར་རྡུན་ཀམ་རོ་ས་གནས་སུ་གཞིས་ཆགས་རྒྱུ་ཞིག་ཡིན། གཞིས་ཆགས་དེ་ཡི་མི་དམངས་མང་ཆེ་ཤོས་ནང་ཆེན་ཉེར་ལྔའི་ནང་ཚན་སྒ་པ་གྲྭའུ་དཔོན་གྱི་འབངས་སྡེ་ཡིན་པ་མ་ཟད་གཞིས་ཆགས་ཐོག་མར་རྩ་འཛུགས་བྱེད་མཁན་ཡང་གྲྭའུ་དཔོན་རིན་ཆེན་ཚེ་རིང་ཡིན་པའི་རྒྱུ་མཚན་གྱིས་གྲྭའུ་གཞིས་ཆགས་ཞེས་ཐོག་ཡོད། ད་ལྟ་སྤྱི་ལོ་ 2017 ལོའི་བར་ལོ་འཁོར་ལྔ་བཅུ་ཐམ་པའི་བར་གནས་དང་གནས་མུས་ཡིན། སྤྱི་ལོ་ ༢༠༡༧ ་ཟླ་ ༣ ཚེས་ ༨ ཉིན་ནང་ཆེན་ཉེར་ལྔའི་དབུས་བདེ་དོན་ལྷན་ཚོགས་ཀྱི་ཚོགས་གཞོན་ཡེ་ཤེས་ཚེ་རིང་ལ་གྲྭའུ་དཔོན་རིན་ཆེན་ཚེ་རིང་ནས་གསུངས་པ་རྣམས་ཟིན་ཐོ་བཀོད་པ་པོ་ཚོགས་གཙོ་པདྨ་བཀྲ་ཤིས་ནས་སོ།།